16589

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ (1)
Part of speech མིང་ཚིག
Definition འབྱུང་བ་བཞིའམ་ལྔའི་ཡ་གྱལ་གྱི་ནང་གསེས་གཉིས་པ་རླན་ཞིང་གཤེར་བ།
Keyword True

{{#arraymap:ཆུ་

|; |@@@ | | }}

ཆུ་ (2)
Part of speech མིང་ཚིག
Definition སྲིད་དམ་དཀྱུས་རིང་ཐུང་གི་ཚད་དེ།
Example རྗེ་ཙོང་ཁ་པས་མཛད་པའི་དབུ་མ་དགོངས་པ་རབ་གསལ་ལས། སངས་རྒྱས་ཀྱི་ཞིང་བཻཌཱུ་ལ་སོགས་པའི་རིན་པོ་ཆེའི་རང་བཞིན་ཅན་ཆུ་ཞེང་ཀུན་ནས་ཟླུམ་པ་དང༌། ཞེས་གསུངས་པ་ལྟ་བུ།

{{#arraymap:ཆུ་

|; |@@@ | | }}

ཆུ་ (3)
Part of speech མིང་ཚིག
Definition དྲི་དང་། རོ་དང་། ཁ་དོག་གང་ཡང་མེད་པའི་དྭངས་གཙང་གི་གཤེར་གཟུགས་ཀྱི་མིང་སྟེ། ཆར་བ་དང་། གཙང་བོ། རྫིང་བུ། མཚོ་སོགས་ལྟ་བུ་ཡིན།
Example ཆུ་འཐུང་། ཆུ་རྐྱལ། ཆུ་བརྒལ། ཞིང་ལ་ཆུ་འདྲེན་ལྟ་བུ།
Synonyms ཆུ། ཨཱ་པཿ། ཆབ། ངན་སེལ། སྐྱོང་བྱེད། འཚོ་བྱེད། འཇུ་བྱེད། བཏུང་བྱ། བཏུང་བ། དག་བྱེད། བདེ་བྱེད། འདོད་བྱེད། སྤྲིན་གྱི་བཅུད། སྤྲིན་གྱི་མྱུ་གུ། སྤྲིན་གྱི་མེ་ཏོག འབྲུ་ཕན། མེ་ཡི་དགྲ། མི་འཆི་འཚོ། རྒྱས་བྱེད། འཚེ་བྱེད། འཆི་བྱེད། གཞི་ཅན། ལུས་འཆིང་། འཆིང་བྱེད། གཤེར་བྱེད།

{{#arraymap:ཆུ་

|; |@@@ | | }}

ཆུ་ (4)
Part of speech མིང་ཚིག
Definition དྲི་ཆུའམ་གཅིན་པའི་མིང་།
Example རྒྱུད་བཞི་ལས། མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟག ། ཅེས་དང་། རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ། །མཁྲིས་ཆུ་དམར་སེར་རླངས་ཆེ་དྲི་མ་དུགས། །བད་ཀན་ཆུ་ནི་དཀར་ལ་དྲི་རླངས་ཆུང༌། །ཞེས་པ་ལྟ་བུའོ། །
Domain གསོ་རིག

{{#arraymap:ཆུ་

|; |@@@ | | }}