16657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ངོགས་པད་དཀར་དྲུག་པ་མི་ཕམ་ཚེ་དབང་རིག་འཛིན་ (1)
Part of speech མིང་ཚིག
Definition གླིང་ཆུ་ངོགས་པད་དཀར་སྐུ་ཕྲེང་དྲུག་པ་མི་ཕམ་ཚེ་དབང་རིག་འཛིན་མཆོག་ནི། ཁམས་གླིང་ཚང་གི་འདུན་ན་འདོན་ཆེན་པོ་ཨོ་ཡིག་ཚང་དུ། ཡབ་ཨོ་ཡིག་པད་དཀར་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་འབྲུག་ ༡༨༦༨ ལོར་འཁྲུངས། རིམ་གྱིས་གདན་སར་ཁྲི་གསོལ་ཞུས། ཁམས་སྤྲུལ་བསྟན་པའི་ཉི་མ་དང༌། གྲུ་གུ་རྟོགས་ལྡན་ཤཱཀྱ་ཤྲཱི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྫོགས་ཆེན་མི་འགྱུར་ནམ་རྡོར་དང་དཔོན་སློབ་སོགས་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ནས་གསན་བསམ་མཛད། ཉམས་རྟོགས་ཚད་མཐོར་ཕེབས་ཤིང༌། ཁྱད་པར་འཕོ་བའི་ནུས་མཐུ་ཆེ་བས་རོ་ལངས་གདོན་བགེགས་བཏུལ་བའི་ལོ་རྒྱུས་མང་པོ་ཡོད་པས། ཞེ་ཆེན་དབོན་སྤྲུལ་ཉིད་ནས་ཐུགས་མོས་ལྷག་པར་འཁྲུངས་ཏེ་འབྲུག་ལུགས་འཕོ་བ་ཧཱུཾ་དམར་མ་གསན་ནས་རྒྱུན་དུ་ཉམས་བཞེས་གནང་བར་གྲགས། སྐུ་རིང་དེར་དབུས་གཙང་དུ་འབུལ་སྐྱེལ་དང་དབང་ཆོས་ཞུ་བར་མ་ཕེབས་པར། བླ་དཔོན་སྦྲགས་མའི་ལུགས་ཀྱིས་གྲྭ་ཤག་དང་གཟིམས་ཁང་ལེགས་བཅོས་སོགས་དགོན་པ་རྒྱ་སྐྱེད་ཆེར་གནང༌། སྐབས་དེ་ནས་དགོན་པ་ཇེ་རྒྱས་བྱུང༌། གདུལ་བྱ་སྐུ་བསོད་ཕྲིན་ལས་རྒྱས་པར་བརྟེན་དགོན་པའི་གཙུག་ལག་ཁང་དུ་གསེར་ཟངས་ལས་གྲུབ་པའི་རྡོར་སེམས་སྐུ་འདྲ་ཐོག་རྩེག་གཅིག་གི་ཚད་ལ་ཕྲ་རྒྱན་སོགས་རྒྱས་སྤྲོས་ལྡན་པ་བཞེངས། ས་སྐྱོང་གླིང་ཚང་ལའང་བཞུགས་ནས་གཟིགས་རྟོག་མི་དམན་པ་གནང་བའི་མཐར། རེ་དགུ་པ་མེ་བྱི་ ༡༩༣༦ ལོར་གཤེགས་སོ། །གདུང་དུད་གར་ཁྱབ་ཚུན་ཆད་དུ་རིང་བསྲེལ་ཆེ་ཕྲ་དཔག་མེད་བྱོན་ཏོ། ། རྗེ་འདིའི་སྤྲུལ་གཞི་སྐྱེས་རབས་ལྟར་ན་ཀུན་མཁྱེན་པད་དཀར་གྱི་རྣམ་འཕྲུལ་དུ་བཤད་ཅིང༌། དེ་ནས་རིམ་བཞིན་གླིང་ཡུལ་མཛེས་ཆུ་ངོགས་དགོན་ཕྱག་བཏབ་པ་པོ་སྐུ་ཕྲེང་དང་པོ་རྟོགས་ལྡན་པད་དཀར་རམ་སྒྲུབ་བརྒྱུད་ཕྲིན་ལས་རྣམ་རྒྱལ། སྐུ་ཕྲེང་གཉིས་པ་བསྟན་འཛིན་ཆོས་ཀྱི་དབང་ཕྱུག གསུམ་པ་སྒྲུབ་བརྒྱུད་ཆོས་ཀྱི་རྒྱལ་མཚན། བཞི་པ་མི་ཕམ་དགེ་ལེགས་དཔལ་བཟང༌། ལྔ་པ་མི་ཕམ་ཆོས་ཀྱི་སེང་གེའི་བར་བྱོན་ཅིང༌། དེ་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལོ་རྒྱུས་གསལ་པོ་ཕྱིས་བཙལ་རྒྱུ།

{{#arraymap:ཆུ་ངོགས་པད་དཀར་དྲུག་པ་མི་ཕམ་ཚེ་དབང་རིག་འཛིན་

|; |@@@ | | }}