16945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་རྩ་ (1)
Part of speech མིང་ཚིག
Definition ཐང་སྨན་གྱི་རིགས་ཏེ། རོ་ཁ་ལ་བསྐ། ཞུ་རྗེས་བསིལ། ནུས་པས་རྨ་འདྲུབ་པ་དང༌། གཉན་ནད་ཐུར་དུ་སྦྱོང་བར་བྱེད།
Synonyms རྒྱལ་པོ་བེར་སེར་ཅན། ཆུ་ཆུང་བ། དཔལ་ཆེན་པ། བྱ་སླག་ཅན། ལ་རྒོད། ལ་ཆུ། གསེར་སྡོང་།

{{#arraymap:ཆུ་རྩ་

|; |@@@ | | }}

ཆུ་རྩ་ (2)
Part of speech མིང་ཚིག
Definition ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་སྦོམ་ལ་ཤུན་པ་ཁམ་ནག་གཉེར་མ་ཅན་དྲེག་པ་ནག་པོ་ཆེ་ཆུང་མ་གཏོགས་ལྕུམ་རྩ་འདྲ་བ། ལོ་མ་ལྗང་སེར་རྩུབ་ཅིང་ཆེ་ལ་སྒོར་བ་འབུར་ཚུགས་ཡོད་པ་དང༌། ངར་པ་ལྗང་ཞིང་རྟིང་པ་དམར་པོ་གཞི་རྩ་ནས་ཕུང་པོར་སྐྱེ་བ། སྡོང་པོ་སྦུབས་སྟོང་ཚིགས་པ་ཡོད་པ་གཞི་རྩའི་ལོ་མ་རྣམས་ཀྱི་དཀྱིལ་ནས་འདྲོང་པོར་སྐྱེ་ཞིང་སྟོད་ཆ་ནས་ཡལ་ག་མང་པོ་གྱེས་པ། མེ་ཏོག་ཁ་དོག་དང་དབྱིབས་འབྲས་བུ་ཟུར་གསུམ་སོགས་ནི་ལྕུམ་དང་འདྲ་ཞིང༌། རིགས་ཐ་ཆུར་ཕོ་དང༌། རྫ་ཆུར་མོ། མ་ནིང་ཆུ་རྩར་སྐྱེ་སྒོ་བཟང་ངན་གཉིས་བཅས་སྐྱེ་ས་དང་ཆེ་ཆུང་ཙམ་ལས་གཞན་ཕྱོགས་མཚུངས། རྫ་རི་དང༌། གཡའ་ཤག སྤང་སོགས་སུ་སྐྱེ་བ་མང་ལ། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་གཙང་མར་བཀྲུས་ནས་གཏུབ་ཅིང་བསྐམས་སྐབས་སྨན་དུ་སྤྱོད་རྒྱུ། ལོ་མས་རྡོ་ཐ་བསྒྲིལ་ཏེ་ཐ་མག་གི་གྱི་ཚུལ་བགྱིས་ཏེ་འཐེན་སྲོལ་ཡོད་པ་དང༌། རྐང་གཞོན་ནུའི་སྐབས་བརྔོས་ཏེ་བཟའ་རུང་བ་ཡིན། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་བསིལ་ཞིང་ལྕི་བས་གཉན་ནད་སྦྱོང་བ་དང༌། ཟས་མ་ཞུ་བ། ཁོག་པ་སྦོས་བརྒྱངས་བྱེད་པ། རྨ་རུལ་གསོ་བ་སོགས་ལ་ཕན་པ་ཡིན།

{{#arraymap:ཆུ་རྩ་

|; |@@@ | | }}

ཆུ་རྩ་ (3)
Part of speech མིང་ཚིག
Definition ཆུ་ཟུར་རམ་ཉེ་འགྲམ་གྱི་མིང་།

{{#arraymap:ཆུ་རྩ་

|; |@@@ | | }}

ཆུ་རྩ་ (4)
Part of speech མིང་ཚིག
Definition ལུས་ཀྱི་རྩ་དཀར་རམ་དབང་རྩའི་མིང་གི་རྣམ་གྲངས་ཤིག

{{#arraymap:ཆུ་རྩ་

|; |@@@ | | }}