1734

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུ་ཤ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་སྐྱ་སྨྱུག་རིལ་འདྲ་བ་ཕྲ་ལ་དྲང་ཞིང་འཇམ་པའི་སྟོད་ཆ་ནས་ཡལ་ག་དང་། ཡལ་ཕྲན་ཕྲ་ལ་ཞིབ་པ་ཤིན་ཏུ་མང་བ་སྤྱིའི་སྐྱེ་དབྱིབས་རྩ་རྒྱུ་ཅན་གྱི་རྔ་མ་ལྟར་སྐྱེ་བ་དང༌། ལོ་མ་སྔོ་ལྗང་འཇག་མ་འདྲ་བ་བསྐམས་ནས་འཐོར་འགྲོ་བའི་རྩྭ་གྲ་མ་འདྲ་ཞིང་། རྨ་བྱའི་སྒྲོ་མདོངས་དང་མཉམ་དུ་བུམ་པའི་ཁ་རྒྱན་བྱེད། ཡུན་ནན་ཞིང་ཆེན་དང༌། ཧན་ནན་ཏའོ་སོགས་དང༌། རྒྱ་གར་དང་བལ་ཡུལ་སོགས་ཚ་བ་ཆེ་བའི་ཡུལ་དུ་སྐྱེ། ཡལ་ག་དང་ལོ་མ་བཏུས་ཏེ་གཙང་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྟུལ་བས་ཚེ་སྲིང་བ་དང༌། ལུས་ཟུངས་རྒྱས་པར་བྱེད་པ་ཡིན་ཏེ། ཀུ་ཤས་ཚེ་སྲིང་ལུས་ཟུངས་རྒྱས་པར་བྱེད། །ཅེས་དང། རང་བྱུང་རྡོ་རྗེས། ཀུ་ཤས་ཤ་ཆེར་སྐྱེས་པ་སྟེ། །ཞེས་གསུངས། སྔོན་རྩྭ་འཚོང་བཀྲ་ཤིས་ཀྱིས་བཅོམ་ལྡན་འདས་ལ་ཀུ་ཤ་ཕུལ་བ་དང༌། བཅོམ་ལྡན་འདས་ཀྱིས་དཀའ་སྤྱད་ལོ་དྲུག་མཛད་ཚེ་གདན་དུ་བཏིང་བར་མཛད་པའི་རྣམ་ཐར་ཡོད།
Foreign རྒྱ་གར།
Synonyms ཀུ་ཤ ངན་སེལ། ཀུ་ཤ་བྷ། ཀུ་ཤ་བྷནྡྷ། ཁྲུས་རྩྭ། དག་བྱེད། གཙང་བྱེད། མཆོད་སྦྱིན་ཅན། མཆོད་སྦྱིན་རྒྱན། བདུད་འདུལ་གདན། མཆོད་སྦྱིན་སྟན། རྩྭ་མཆོག རྩྭ་དབང་། ས་གནས།

{{#arraymap:ཀུ་ཤ་

|; |@@@ | | }}