17373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོ་འཕྲུལ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པར་ཤེས་པས་གཞན་རྒྱུད་མཁྱེན་པ་ནི་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ། རྫུ་འཕྲུལ་གྱི་མི་དད་པ་དང་དད་པར་བྱེད་པ་སོགས་གདུལ་བྱའི་སྣང་བ་བསྒྱུར་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ། གདུལ་བྱ་གང་ལ་གང་འདུལ་དུ་ཐེག་གསུམ་གྱི་ཆོས་སྟོན་པ་ནི་གསུང་རྗེས་སུ་བསྟན་པའི་ཆུ་འཕྲུལ། དེ་ལྟར་ཆོས་སྟོན་པའི་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོ་བ་དང་། ལྟས་ཆེན་པོ་བཅོ་བརྒྱད་སྣང་བ་ལ་སོགས་པ་ནི་ཆོས་སྣང་བའི་ཆོ་འཕྲུལ་ལོ། །
Domain ཆོས་ལུགས།

{{#arraymap:ཆོ་འཕྲུལ་བཞི་

|; |@@@ | | }}

ཆོ་འཕྲུལ་བཞི་ (2)
Part of speech མིང་ཚིག
Definition སྔགས། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། དབུས་སུ་སྣང་པར་སྣང་མཛད། ཤར་དུ་མི་སྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་གྲུབ་རང་རང་གི་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བར་བསྒོམ་པའོ། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། བསྒོམ་པའི་ལྷ་དེ་དག་གི་རང་རང་གི་རིགས་ཀྱིས་བྱིན་གྱིས་བརླབས་པའོ། །དབང་བསྐུར་བའི་ཆོ་འཕྲུལ་ནི། རང་རིགས་ཀྱི་དབང་གང་ཡིན་གྱི་སྐུ་དང་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་དབང་བསྐུར་བའོ། །མཆོད་པའི་ཆོ་འཕྲུལ་ནི། དེ་དག་ལ་ཕྱག་དང་མཆོད་པ་བསྟོད་པ་བྱ་བ་རྣམས་སོ། །

{{#arraymap:ཆོ་འཕྲུལ་བཞི་

|; |@@@ | | }}

ཆོ་འཕྲུལ་བཞི་ (3)
Part of speech མིང་ཚིག
Definition ཆོ་འཕྲུལ་བཞི་ནི། རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་བསྒོམ་བྱ་ལམ་གྱི་སྐབས་སུ་ཉམས་སུ་ལེན་པའི་ཆོ་འཕྲུལ་བཞི་སྟེ། འཁོར་གྱི་ལྷ་བཀོད་པ་དང་། རང་རིགས་ཀྱིས་བྱིན་གྱིས་བརླབས་པ་དང་། རིགས་གང་ཡིན་གྱི་དབང་བསྐུར་བ་དང་། ཕྱག་མཆོད་བསྟོད་པ་བྱ་བའོ། །རྒྱས་པར་རྣལ་འབྱོར་རྒྱུད་ཀྱི་ཐེག་པར་གཟིགས།

{{#arraymap:ཆོ་འཕྲུལ་བཞི་

|; |@@@ | | }}

ཆོ་འཕྲུལ་བཞི་ (4)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག རྙིང་མ། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ཏེ། མདོ་དགོངས་པ་འདུས་པར་འདི་བཞིར་འཁོར་འདས་ཆོས་ཐམས་ཅད་འདུས་པར་གསུངས།

{{#arraymap:ཆོ་འཕྲུལ་བཞི་

|; |@@@ | | }}

ཆོ་འཕྲུལ་བཞི་ (5)
Part of speech མིང་ཚིག
Definition རང་བཞིན་གྱི་ཆོ་འཕྲུལ་བཞི་སྟེ། ནམ་མཁའི་ངང་ལས་འབྱུང་བའི་ཆོ་འཕྲུལ་ཐ་དད་སྣང་བ། སེམས་ཀྱི་ངང་ལས་སེམས་ལས་བྱུང་བའི་ཆོ་འཕྲུལ་སྐྱེ་བ། ཆོས་ཉིད་ཀྱི་ངང་ལས་ཆོས་ཅན་གྱི་ཆོ་འཕྲུལ་སྐྱེ་བ། ཞི་གནས་ཇི་བཞིན་པའི་ངང་ལས་ལྷག་མཐོང་ཤེས་རབ་རང་འཆར་བའོ། །

{{#arraymap:ཆོ་འཕྲུལ་བཞི་

|; |@@@ | | }}