17560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་ཡབ་དཔོན་རིན་རྡོར་བ་དང་ཡུམ་ཟིན་ཟ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་དཔལ་ཁྲ་འབྲུག་གཙུག་ལག་ཁང་གི་འདབ་ཆགས་པ་དང་དགོན་གསར་དུ་འཁྲུངས། མཚན་བྱང་ཆུབ་རྡོ་རྗེ་ཞེས་བཏགས། དགུང་ལོ་བཞི་པ་ནས་ཡི་གེ་སྦྱོར་ཀློག་སྦྱངས། དགུང་ལོ་བཅུ་གཉིས་པ་མེ་ལུག་ལོར་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་གྲགས་པ་བྱང་ཆུབ་ཅེས་གསོལ། དགུང་ལོ་བཅོ་ལྔ་པ་ལྕགས་ཁྱི་ལོར་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ལས་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ་རབ་ཏུ་བྱུང་། ལྕགས་ཕག་ཕྱི་ལོ་ ༡༣༧༡ ལོར་ཕག་གྲུ་གདན་སར་ཕེབས་ཏེ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། ཆུ་གླང་ལོར་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དེ་ལས་དགེ་སློང་གི་དངོས་པོ་ཐོབ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་དང་། རྒྱལ་སྲས་ཐོགས་མེད་བཟང་པོ། མཁན་ཆེན་རྷརྨ་ཤྲཱི་བྷ་དྲ། འཇམ་དབྱངས་ཤཱཀྱ་རྒྱལ་མཚན། མཁས་ཆེན་གཞོན་ནུ་དབང་ཕྱུག སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་འབྲི་ཁུང་པ་རིན་ཆེན་འབུམ་པ་སོགས་མཁས་གྲུབ་དམ་པ་མང་པོ་སྤྱི་བོར་བསྟེན་ནས། རྒྱ་གར་ནས་བོད་དུ་གྱུར་པའི་སྔགས་དང་མཚན་ཉིད་ཀྱི་དབང་བཤད་ལུང་མན་ངག་མཐའ་དག་དང་། བོད་ཀྱི་རྗེ་ས་སྐྱ་བ་ཡབ་སྲས་ཐམས་ཅད་ཀྱི་བཀའ་འབུམ། དཔལ་ཕག་གྲུ་པ་དང་། ཆོས་རྗེ་ཆེ་བ་ཕལ་མོ་ཆེ་གསན་པར་མཛད་དེ་མཁས་པའི་གྲགས་པ་ས་སྟེང་ཁྱབ། ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་སོ་གཅིག་པ་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་སྐུ་གཤེགས།

{{#arraymap:ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བ་

|; |@@@ | | }}