17848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དབྱིངས་དབང་ཕྱུག་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༣༢༤ ལོར་སྟོད་ལུང་གྲམ་གྱི་མདོར་ཡབ་ཕུར་པ་སྐྱབས་དང་། ཡུམ་རྡོ་རྗེ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་ཀརྨ་རང་བྱུང་རྡོ་རྗེ་ལས་བྱིན་རླབས་ཞུས། མཚན་ལ་རྡོ་རྗེ་བཀྲ་ཤིས་ཞེས་བཏགས། བདུན་བརྒྱད་ཙམ་དུ་ཡི་གེའི་འབྲི་ཀློག་མཁྱེན། བཅུ་གཉིས་པར་མཚལ་དུ་ཕེབས། མཁན་ཆེན་དབང་ཕྱུག་ཤེས་རབ་དང་། སློབ་དཔོན་བྱང་ཆུབ་དཔལ་བཟང་གཉིས་ལས་རབ་ཏུ་བྱུང་། མཚན་ལ་དབང་ཕྱུག་རྡོ་རྗེ་ཞེས་གསོལ། བླ་མ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོགས་ལས་ཆོས་མང་དུ་གསན། བཅུ་བཞི་པར་བརྟག་གཉིས་དང་། བཻ་དམར་གསུངས། ཉེར་གཅིག་པར་བླ་མ་བསམ་གཏན་དཔལ་བའི་ཞབས་ལ་གཏུགས། མཁན་པོ་སེང་གེ་དཔལ་བ་བཅས་ལས་བསྙེན་པར་རྫོགས། མཚན་ལ་ཆོས་དབྱིངས་དབང་ཕྱུག་ཅེས་གསོལ། གཡག་སྡེ་པན་ཆེན་སོགས་ལས་ཀྱང་ཆོས་མང་དུ་གསན། མཁར་དགོན་གྱི་གདན་སར་ཕེབས། སྣའུ་བྱ་བྲལ་བ་དང་མཇལ། སེམས་ཁྲིད་ཀྱི་སྐོར་རྣམས་ལེགས་པར་ཞུས། བླ་མ་འཁྲུལ་ཞིག་པའི་ཞལ་བརྡ་ལ་བརྟེན་ནས་ཡིག་ཆའང་མང་དུ་མཛད། སྤྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན། འདས་ལོོ་མི་གསལ། སློབ་མ་མཆོག་ཏུ་གྱུར་བ་ནི་ཆོས་རྗེ་བློ་གྲོས་བཟང་པོ་ཡིན།
Synonyms རྡོ་རྗེ་བཀྲ་ཤིས། དབང་ཕྱུག་རྡོ་རྗེ།

{{#arraymap:ཆོས་དབྱིངས་དབང་ཕྱུག་

|; |@@@ | | }}