17908

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཆོས་བཞི་ནི། དཀོན་ཅོག་འགྲེལ་ལས་ཁྲོ་བོའི་མཛད་པ་བསྟན་པའི་སྐབས་སུ། དེ་དག་ལ་ཅིའི་ཕྱིར་ཁྲོ་བོ་ཞེས་བྱ་ཞེ་ན། འདི་ལྟར་སངས་རྒྱས་རྣམས་ཀྱང་ཆོས་བཞིའི་བདག་ཉིད་དེ། བཞི་གང་ཞེ་ན། ཆོས་ཉིད་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། མཛད་པའོ། །དེ་ལ་ཆོས་ཉིད་ནི་རང་བཞིན་གྱིས་ཁྲོ་བོར་བཅས་པ་སྟེ་མཚན་མའི་གནས་མེད་པའི་ཕྱིར་རོ། །ཡེ་ཤེས་ནི་རྟོགས་པ་ངང་གིས་ཁྲོ་སྟེ། བསྐལ་པའི་མེ་འབར་བ་ལ་མངོན་པར་འདུ་བྱེད་པའི་གནས་མེད་པ་བཞིན་ནོ། །ཐུགས་རྗེ་ནི་ཤུགས་ཀྱིས་ཁྲོ་བོ་སྟེ་དེའི་དབང་གིས་འགྲོ་བ་སྐྱོབ་པ་ལ་ཆེད་དུ་རྩོལ་བ་མི་དགོས་སོ། །མཛད་པ་ནི་འདུལ་བའི་དབང་གིས་ཁྲོ་བོར་བཅོས་པ་སྟེ། ཇི་ལྟར་འཚམས་པར་འབྱུང་བའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། ཡང་ཆོས་བཞིའི་སྒོ་ནས་ཀྱང་ཁྲོ་བོར་བསྟན་ཏེ། ཆོས་ཉིད་དང་། ཡེ་ཤེས་དང་། མཛད་པ་དང་། འཕྲིན་ལས་སོ། །དང་པོ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་མཚན་མའི་གནས་མེད་པས་ངང་གིས་ཁྲོ་བ་སྟེ། རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག ། ཅེས་སོ། །གཉིས་པ་ནི། ཡེ་ཤེས་རྒྱས་པ་ན་མི་ཤེས་པ་དང་ཕྱིན་ཅི་ལོག་གི་གནས་མེད་པས་སྤང་བྱ་ལ་ལྟོས་ནས་ངང་གིས་ཁྲོ་བས་ཏེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཐམས་ཅད་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཞེས་དང་། གསུམ་པ་ནི། ཐུགས་རྗེས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་ཕྱོགས་འཇོམས་པས་ཤུགས་ཀྱིས་ཁྲོ་བ་སྟེ། ལྷ་རྒྱུད་ལས། འཛིན་པ་མི་རྟོག་ཐུགས་རྗེ་ཞེན་ཆགས་ཁྲོ། །ཞེས་སོ། །བཞི་པ་ནི། གདུལ་བྱའི་དབང་གིས་ཁྲོ་བོར་བཅོས་པ་ལྟར་སྣང་བ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལས། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆོས་བཞི་

|; |@@@ | | }}