17940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱར་རུང་བའི་ཡིན་པ་བཅུ་ (1)
Part of speech མིང་ཚིག
Definition རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ཀྱི་བསྟན་པ་གནས་པ་དང་༔ གང་ཟག་གིས་མི་ལུས་ཐོབ་པ་དང་དུས་མཚུངས་ན༔ ཚེ་སྔ་མ་བསོད་ནམས་བསགས་པ་ཡིན༔ རང་ཆོས་ལ་མོས་པ་དང་༔ བླ་མ་གདམས་ངག་ཅན་དང་འཕྲད་ན༔ ལོང་བས་རིན་པོ་ཆེ་རྙེད་པ་ལྟ་བུ་ཡིན༔ མི་ལུས་གཙང་མ་ཐོབ་པ་དང་༔ དད་པ་རབ་ཏུ་འཛོམ་ན༔ སྔོན་སྦྱངས་པའི་ལས་འཕྲོ་སད་པ་ཡིན༔ རང་ཉིད་སྡུག་བསྔལ་ལ་སྐྱོ་བ་སྐྱེས་པ་དང་༔ ཉེ་འབྲེལ་རྒྱ་གད་སྨྲ་བ་དུས་མཚུངས་ན༔ ཆོས་ལ་སྐུལ་མ་འདེབས་པ་ཡིན༔ རང་ལ་འབྱོར་པ་ཡོད་པ་དང་༔ སློང་བ་དུས་མཚུངས་ན༔ སྦྱིན་པ་རྫོགས་པར་འགྱུར་བའི་དུས་ཡིན༔ དགེ་སྦྱོར་ཉམས་སུ་བླངས་པའི་ཚེ༔ སྡུག་བསྔལ་གྱི་མཚོ་འབྲུབ་ན༔ ལས་ངན་སྒྲིབ་པ་དག་པ་ཡིན༔ རང་ཆོས་ལ་བློ་ཞུགས་པའི་དུས་སུ༔ མཉེས་པའི་དགྲ་བྱུང་ན༔ བཟོད་པའི་ལམ་སྣ་བགྲོད་པ་ཡིན༔ རང་གིས་འདུས་བྱས་མི་རྟག་པར་གོ་བ་དང་༔ གདམས་པ་ཟབ་མོ་རྙེད་པ་དུས་མཚུངས་ན༔ འཇིག་རྟེན་ལས་བློ་ལོག་པའི་དུས་ཡིན༔ རང་འཆི་བས་འཇིགས་པ་དང་༔ གཞན་ཤི་བ་དུས་མཚུངས་ན༔ དད་པ་ཐུན་མོང་མ་ཡིན་པ་སྐྱེ་བའི་དུས་ཡིན༔ ལར་བསོད་ནམས་ཀྱི་ཚོགས་མ་བསགས་པ་ཁོ་ན་ཤས་ཆེ་བས༔ སྔོན་དུ་འཇིག་རྟེན་བྱ་བ་བསྒྲུབས་ནས༔ ཕྱིས་ཆོས་ལ་འགྲོ་བར་བསམ་པ་མང་བར་གདའ་སྟེ། འཁོར་བ་ལས་ཐར་བར་ཉུང་བར་མཆི་གསུངས༔
Domain ཆོས་ལུགས།

{{#arraymap:ཆོས་བྱར་རུང་བའི་ཡིན་པ་བཅུ་

|; |@@@ | | }}