17993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མགོན་བཞི་པ་འཇམ་མགོན་དགྱེས་པ་ (1)
Part of speech མིང་ཚིག
Definition མཐུ་ཆེན་ཆོས་ཀྱི་མགོན་པོ་སྐུ་ཕྲེང་བཞི་པ་མཆོག ཆུ་ཤུལ་ལྷ་གཤོང་དུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ ༡༧༠༥ ལོར་སྐུ་འཁྲུངས། མཆོག་གི་སྤྲུལ་སྐུར་ངེས་པ་རྙེད་དེ། རྗེ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། མཚན་དགེ་ལེགས་འཇམ་མགོན་དགྱེས་པའི་དབང་ཕྱུག་བདུད་འཇོམས་གྲུབ་པའི་དཔའ་བོ་ཆོས་རྒྱལ་ལྷུན་གྲུབ་རྒྱ་མཚོ་ཞེས་གསོལ། ཡོངས་འཛིན་དགེ་ལེགས་བཞད་པ་ལས་རབ་ཏུ་བྱུང་སྟེ། སྡོམ་པ་གསུམ་གྱིས་ཐུགས་རྒྱུད་གཏམས། གང་ལ་མངའ་བའི་ཟབ་ཆོས་གདམས་པ་ཐམས་ཅད་གསན། གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས། རིག་པའི་གནས་དང༌། མདོ་རྒྱུད་བསྟན་བཅོས་ཀྱི་མཛོད་ལ་མངའ་བརྙེས། རང་དོན་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་འཆད་རྩོད་རྩོམ་པའི་སྒོ་ནས་སྒྲུབ་བརྒྱུད་སྙིང་པོའི་བསྟན་པའི་སྲོག་ཤིང་གཡོ་མེད་དུ་བཟུང༌། ནུས་པ་ཆེ་བས་བདེན་ཚིག་གིས་ནད་པ་གསོ་བ་དང༌། འཆི་བ་སློང་བའི་གྲུབ་རྟགས་བསྟན། དབུས་གཙང་གི་ལྗོངས་ཀུན་དང༌། ཁྱད་པར་མདོ་ཁམས་ཕྱོགས་སུའང་ལན་གཉིས་སུ་ཆིབས་བསྐྱོད་གནང་ནས། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེ་ཞིང་ཡུན་རིང་བར་བསྐྱངས་པས། སློབ་མའི་ཚོགས་ཀྱང༌། རྗེ་ཡོངས་འཛིན་བཞི་པ་མི་ཕམ་འཇམ་དཔལ་དཔའ་བོ། ཁམས་སྤྲུལ་བཞི་པ་དགེ་ལེགས་རིན་ཆེན་སྒྲུབ་བརྒྱུད་ཤིང་རྟའི་སྡེ། ངག་དབང་ཆོས་རྒྱལ་རྒྱ་མཚོ་སོགས་དབུས་གཙང་ཁམས་གསུམ་གྱི་འབྲུག་བསྟན་འཛིན་པའི་སྐྱེས་བུ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུ་ཡིན། མཐར་ང་བདུན་པ་ལྕགས་སྦྲུལ་ ༡༧༦༡ ལོའི་བོད་ཟླ་དང་པོའི་ཚེས་ཉེར་གསུམ་ལ་གཤེགས་སོ། །

{{#arraymap:ཆོས་མགོན་བཞི་པ་འཇམ་མགོན་དགྱེས་པ་

|; |@@@ | | }}