17995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མགོན་ལྔ་པ་མི་ཕམ་འཇམ་དཔལ་རྡོ་རྗེ་ (1)
Part of speech མིང་ཚིག
Definition མཐུ་ཆེན་ཆོས་ཀྱི་མགོན་པོ་སྐུ་ཕྲེང་ལྔ་པ་མི་ཕམ་འཇམ་དཔལ་རྡོ་རྗེའམ་གསང་བདག་གྲུབ་པའི་དཔའ་བོ་མཆོག་ནི། མདོ་སྟོད་དགེ་རྒྱས་སུ་ཡབ་བེ་ཧུ་ས་དབང་ཕུན་ཚོགས་དར་རྒྱས་དང༌། ཡུམ་ནོར་བུ་མཚོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ ༡༧༦༡ ལོར་འཁྲུངས། གོང་མ་གཤེགས་པའི་ལོ་དེར་བལྟམས། རྒྱལ་དབང་ཀར་འབྲུག་ཡབ་སྲས་སོགས་དགོངས་པ་གཅིག་གྱུར་ཏུ་དེ་མ་ཐག་པར་ངོས་བཟུང༌། ཁམས་སྒར་ཕུན་ཚོགས་ཆོས་འཁོར་གླིང་དུ་སི་ཏུ་བསྟན་པའི་ཉིན་བྱེད་དང༌། ཡོངས་འཛིན་འཇམ་དཔལ་དཔའ་བོ་རྣམ་གཉིས་ནས་མཁན་སློབ་མཛད་དེ། དགེ་ཚུལ་གྱི་སྡོམ་པ་གནང༌། མཚན་མི་ཕམ་འཇམ་དཔལ་རྡོ་རྗེ་གསང་བདག་གྲུབ་པའི་དཔའ་བོ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེར་གསོལ། དགུང་ལོ་བརྒྱད་ཉེ་བའི་བར་ཕུན་གླིང་དུ་བཞུགས། རྗེ་ཁམས་སྤྲུལ་བཞི་པ་ལས་འཇམ་དབྱངས་སོགས་སྨིན་བཀའ་ཟབ་མོ་འགའ་ཞིག་གསན། རིམ་གྱིས་གདན་ས་བདེ་ཆེན་ཆོས་འཁོར་དུ་ཁྲིར་གསོལ། ཐམས་ཅད་མཁྱེན་གཟིགས་གོང་ས་འཇམ་དཔལ་རྒྱ་མཚོའི་ཞབས་པད་བསྙེན། དངོས་པོའི་འབུལ་ནོད་རྒྱ་ཆེར་བསྟབས། གཙུག་ཕུད་ཕུལ། མཚན་བློ་བཟང་བདེ་ཆེན་རྡོ་རྗེར་གསོལ། ཡོངས་འཛིན་མི་ཕམ་འཇམ་དཔལ་དཔའ་བོའི་སྤྱན་སྔར་བསྙེན་པར་རྫོགས། རྗེ་དེ་ཉིད་རིགས་ཀྱི་བདག་པོར་བསྟེན་ཏེ། སློབ་མའི་གཙོ་བོ་གསུམ་གྱི་ཡ་གྱལ་ཡིན། རང་ལུགས་དོན་བརྒྱུད་སྙིང་པོའི་གདམས་པ་དབང་ཁྲིད་ལུང་སོགས་དཔག་ཏུ་མེད་པ་གསན་བཞེས་མཛད། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་རིས་སུ་མ་ཆད་པའི་མཁས་གྲུབ་དུ་མ་ཞིག་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་ཅིང༌། གཞུང་ལུང་གདམས་པ་རྒྱ་མཚོའི་མཛོད་དུ་གྱུར། མདོ་ཁམས་སུ་ཁམས་སྤྲུལ་བཞི་པ་དང༌། འཛི་སྒར་རྡོ་རྗེ་དྲག་པོ་སོགས་ལས་གསར་རྙིང་རིས་མེད་ཀྱི་སྨིན་གྲོལ་གསན་བཞེས་གནང་ཞིང༌། བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ། སླར་གདན་སར་ཕེབས། རིགས་བདག་ཡོངས་འཛིན་ལྔ་པས་གདམས་པ་ལྷག་མ་རྣམས་བསྩལ་ནས། བསྟན་པའི་བདག་པོར་དབང་བསྐུར། གཟུགས་སྐུའི་བཀོད་པ་བསྡུས་སྐབས། སྐུ་གདུང་གི་མཛད་པ་སོགས་དགོངས་རྫོགས་ལེགས་པར་བསྒྲུབས། དེ་ནས་དབུས་གཙང་གཙོར་གྱུར་བལ་ཡུལ་ཚུན་ཆད་དུ་བྱ་བཏང་གི་བརྟུལ་ཞུགས་བཟུང་ནས་ཞབས་ཀྱིས་བཅགས། བྲག་ལ་ཕྱག་ཞབས་ཀྱི་རྗེས་བཀོད་པ་སོགས་ངོ་མཚར་དུ་མ་བསྟན། ཕྱིས་སུ་འབྲུག་ཐམས་ཅད་མཁྱེན་པ་ཆོས་ཀྱི་སྣང་བ་དབོན་བརྒྱུད་གདན་འཛིན་བཅས་པས་གདན་ས་ཆེན་པོ་དཔལ་ར་ལུང་ཐེལ་གྱི་བདག་པོར་བཞུགས་སུ་གསོལ། དེར་མཆོད་ཐེབས་ཉམས་གསོ་སོགས་སྐུ་དྲིན་རྨད་དུ་བྱུང་བ་མཛད། རྗེ་གཙང་པ་རྒྱ་རས་ཀྱི་ཞལ་གཟིགས། རྟེན་འབྲེལ་གྱི་གདམས་པ་བསྩལ། དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་དང་རྡོ་རྗེ་རྣལ་འབྱོར་མ། འཕགས་མ་ཀུ་རུ་ཀུལླེ་རྣམས་ཀྱིའང་ཞལ་གཟིགས། ཆོས་སྐྱོང་བྲན་དུ་འཁོར་བས་མཐུ་ནུས་ལ་སྙན་གྲགས་ཆེ། མཐར་སོ་བརྒྱད་པ་ས་རྟ་ ༡༧༩༨ ལོར་ཞི་བར་གཤེགས་སོ། །སློབ་མའི་གཙོ་བོར་ཡོངས་འཛིན་ཡེ་ཤེས་གྲུབ་པ་དང༌། ཁམས་སྤྲུལ་ལྔ་པ་རྣམ་པ་གཉིས་ཡིན་ཞིང༌། གཞན་སྟོད་སྨད་བར་གསུམ་གྱི་འབྲུག་རིགས་གཙོ་བོར་གྱུར་པའི་སློབ་ཚོགས་མཐའ་ཀླས་སོ། །

{{#arraymap:ཆོས་མགོན་ལྔ་པ་མི་ཕམ་འཇམ་དཔལ་རྡོ་རྗེ་

|; |@@@ | | }}