17996

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མགོན་སྐུ་ཕྲེང་གཉིས་པ་བདུད་འཇོམས་རྡོ་རྗེ་ (1)
Part of speech མིང་ཚིག
Definition མཐུ་ཆེན་ཆོས་མགོན་སྐུ་ཕྲེང་གཉིས་པ་མཆོག རྒྱལ་རྩེའི་ཞལ་ངོར། རབ་བྱུང་བཅུ་པའི་ཆུ་ལུག་ ༡༥༨༣ ལོ་ཙམ་ལ་འཁྲུངས་པར་གསལ། ཀུན་མཁྱེན་རྒྱལ་བའི་དབང་པོས་ས་གླང་ ༡༥༨༩ ལོར་དབུ་སྐྲ་བསིལ། མཚན་མི་ཕམ་ཆོས་ཀྱི་དབང་ཕྱུག་བདུད་འཇོམས་རྡོ་རྗེར་གསོལ། རབ་ཏུ་བྱུང༌། བྱང་ཆུབ་ཏུ་ཐུགས་བསྐྱེད། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ་དང༌། རྡོ་རྗེ་ནག་པོ་ཕྱག་བཞི་པའི་རྗེས་གནང་བསྩལ་ཏེ། རིག་པ་འཛིན་པའི་སྡོམ་པ་གསོས་བཏབ། གཙུག་ལག་གཉིས་ཀྱི་སྒོ་ནས་ཆེ་འདོན་མཛད། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཞིག་བྱུང་བར་ཀུན་མཁྱེན་རང་རྣམ་འཕྲོ་མཐུད་ལས་གསུངས། དགུང་གྲངས་བཅུ་གཉིས་ཙམ་ལ་འདས་ཟེར་ཡང༌མི་འཐད་དེ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱིས་བླ་མར་བསྟེན་ནས་བཀའ་ཆོས་གསན་པར་བཤད་པ་དང༌། བོད་མཁས་བླ་མ་བཤེས་གཉེན་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་ལས་ཀྱང༌། རབ་བྱུང་བཅུ་པའི་ཤིང་བྱི་ལོ་ཙམ་ལ། ལ་སྟོད་ཕུལ་དམར་དུ་རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོའི་སྤྲུལ་པའི་སྐུ་མཁས་བཙུན་བཟང་པོའི་དཔེར་འོས་པ། དེ་ཉིད་ལ་བརྟན་བཞུགས་ཕུལ། ཆོས་འབྲེལ་ཞུས། བདག་རྐྱེན་བཟང་བར་བྱུང༌། ཞེས་གསུངས་པས་སོ། །གཞན་ཡང་མཁས་པ་དགའ་བྱེད་ཅེས་པའི་བསྟན་བཅོས་རྩོམ་པ་པོ་བདུད་འཇོམས་དཔའ་བོ་ཞེས་པ་དེ་ཡང་རྗེ་འདི་ཉིད་ཡིན་ནམ་སྙམ་པས། དེ་ལྟར་ན་དགུང་གྲངས་ང་ལྔ་ལྷག་ཙམ་བཞུགས་པར་ངེས་ཤིང༌། སྐུ་ཕྲེང་གསུམ་པའི་འཁྲུངས་ལོ་ལ་དཔགས་ན། དགུང་ལོ་ང་དྲུག་པ་ས་སྟག ༡༦༣༨ ལོར་གཤེགས་པར་མངོན་ནོ། །

{{#arraymap:ཆོས་མགོན་སྐུ་ཕྲེང་གཉིས་པ་བདུད་འཇོམས་རྡོ་རྗེ་

|; |@@@ | | }}