1801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཁྱབ་ཡན་ལག་གི་ཡི་གེ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གཟུགས་བརྙན་གྱི་ཡི་གེ་འཆད་སྐབས་དགུག་པ་ལ་སོགས་པ་མཚོན་བྱེད་ཀྱི་ཀུན་ཁྱབ་ཡན་ལག་གི་ཡིག་འབྲུ་དྲུག་གསུངས་ཏེ། དགུག་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ལྕགས་ཀྱུ་ཞེས། འདི་དག་དབྱིབས་ཀྱི་དོན་ལ་མཚོན་པ་སྟེ། བརྡའི་སྒོ་ནས་ལྕགས་ཀྱུ་འདྲ་བའི་གུ་སྟེ། དེ་བཞིན་གཤེགས་པ་སྤྱན་དྲང་ཞིང་དངོས་གྲུབ་བསྡུ་བ་ལ་སོགས་པ་མཚོན་ཏོ། །དབང་དུ་སྡུད་པ་མཚོན་པ་ནི་འོད་དཔག་ཞབས་ཀྱུད་དོ། །འཁོར་བ་འདྲེན་པའི་ལས་མཚོན་པ་རེ་བ་སྟེ་འགྲེང་བུའོ། །ལས་ཀྱིས་སྦྱོར་བ་མཚོན་པ་ཟླ་ཚེས་ཏེ་ན་རོའོ། །ཡི་གེ་བསྡུས་ནས་མིང་དུ་ལངས་པ་མཚོན་པ་ཐིག་དངོས་སམ་ཚེག་སྟེ་ལས་ཀྱིས་བཞག་པའོ། །ཚིག་ཤད་དུ་གཅོད་པ་མཚོན་པ་ནི་དབྱུག་པ་ཞེས་པ་ཤད་དེ་རྗེས་སུ་མཐུན་ནོ། །
Domain ཆོས་ལུགས།

{{#arraymap:ཀུན་ཁྱབ་ཡན་ལག་གི་ཡི་གེ་དྲུག་

|; |@@@ | | }}