18161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་བྱ་ཕྱི་ལོ་ ༡༣༣༣ ལོར་འཕན་ཡུལ་དུ་ཡབ་ཡེ་ཤེས་རིན་ཆེན་དང་། ཡུམ་ཕྱུག་མོ་དཔལ་ལེ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ་ ༡༣༧༩ ལོར་སྐུ་གཤེགས། བདུན་པར་མཁན་པོ་བླ་མ་ནམ་མཁའ་ལེགས་པ་དང་། སློབ་དཔོན་དོན་ཡོད་པ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། མཁན་སློབ་གཉིས་ལས་ཆོས་ཁྲིད་དང་དབང་ལུང་ཞུས། བཅུ་བར་བརྟག་གཉིས་ཀྱི་ཊཱིཀ་མཆན་སོགས་ལ་བྱང་བར་མཛད། བཅུ་གཅིག་པར་གསུང་རབ་ལ་བསྟེན་ནས་གནས་ལུགས་ཟབ་མོའི་དོན་རྟོགས། འཆི་བ་མི་རྟག་པ་བཅོས་མ་མིན་པ་འཁྲུངས། བཅོ་བརྒྱད་པར་ཆོས་རྗེ་བླ་མ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་རྣམ་གཉིས་ལས་དུས་འཁོར་དང་། སྤྱོད་འཇུག ཐུབ་པའི་དགོངས་རྒྱན། སྐྱེས་རབས་སོགས་གསན། ཉེར་བདུན་པར་ཇོ་སྟོན་མཁན་ཆེན་བཀྲ་ཤིས་ཚུལ་ཁྲིམས་དང་། ལས་སློབ་ཚུལ་ཁྲིམས་བླ་མ། སློབ་དཔོན་སྟོན་རྒྱལ་བ་རྣམས་ལས་བསྙེན་པར་རྫོགས། ཉེར་དགུའི་བར་དུ་དབྱར་ཆོས་དགུན་ཆོས་མ་ཆག་པར་དུས་འཁོར་དང་། བརྟག་གཉིས། སྤྱོད་འཇུག ཐུབ་པའི་དགོངས་རྒྱན། སྐྱེས་རབས། ལམ་འབྲས་སོགས་གསུངས། རབ་བྱུང་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༣༦༡ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ལྷ་ཆེན་དང་རྣམ་རྒྱལ་མཆོད་རྟེན་སོགས་བཞེངས། སོག་ཡུལ་དུ་ལན་བདུན་བར་བྱོན། ཞེ་གསུམ་བར་གདན་སར་བཞུགས་ཤིང་། གདན་ས་ལས་གནང་བ་ཞུས། ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་གདན་སར་བཀོད། ལོ་ངོ་བཞིའི་བར་བསྐྱེད་རིམ་བདེ་མཆོག་དང་། གཤེད་དམར། རྫོགས་རིམ་སྦྱོར་དྲུག་ལ་མཛད་ནས་སྐུ་མཚམས་བཞུགས། ཞེ་བདུན་པ་རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ ༡༣༧༩ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་བརྒྱད་པ་ཡིན། གསུང་རྩོམ་ནི་བརྟག་གཉིས་ཀྱི་ཊཱིཀ་མཆན་དང་། སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད། རྩིས་ཡིག་སོགས་བསྟན་བཅོས་མང་དུ་མཛད།
Synonyms ཀུན་སྤངས་ནམ་མཁའ་དཔལ་བཟང་པོ། སྤྲང་པོ། ཡོན་ཏན་རྒྱ་མཚོ། ཀུན་དགའ་བོ། ནམ་མཁའ་རིན་ཆེན། ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། སྟག་ལུང་ནམ་མཁའ་དཔལ་བཟང་།

{{#arraymap:ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་

|; |@@@ | | }}