18801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉག་རོང་ཨེ་ཝཾ་དགོན་པ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར་ཉག་རོང་ཨེ་ཝཾ་ཆོས་འཕགས་ཐེག་ཆེན་གླིང་ཞེས་བྱ་ཞིང་། དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་ལ། འདི་ནི་ཁམས་ཉག་རོང་སྨད་ཀྱི་ཆར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཞབས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡུལ་དུ། ཕྱི་ལོ་ ༡༩༥༠ ཙམ་ལ་སྒ་སྟོན་ངག་དབང་ལེགས་པའི་བཀའ་ལྟར། སྡེ་གཞུང་ཆོས་འཕེལ་ཉག་སྨད་ཨེ་ཝཾ་དགོན་དུ་ཞབས་ཀྱི་བཅགས། གསུང་ངག་ལམ་འབྲས་གཙོས་གསུང་ཆོས་མང་དུ་གནང་བ་དང་། ས་སྐྱའི་དགོན་ཁག་བདུན་ལ་རང་ལུགས་ས་སྐྱ་པའི་བཤད་གྲྭ་ཞིག་ངེས་པར་དུ་འཛུགས་ཐུབ་དགོས་ཞེས་བཀའ་གནང་ཏེ། བླ་མ་རང་ཉིད་ལ་ཡོན་ཕུལ་བ་རྣམས་ཀྱང་བཤད་གྲྭའི་ཐེབས་རྩར་བསྩལ། དེ་ནས་ཁྱུང་པོ་བླ་མ་ཨ་དགེ་དང་དགོན་ཁག་བདུན་ཐུན་མོང་གིས་བཤད་གྲྭའི་འདུ་ཁང་གྲྭ་ཤག་དང་བཅས་པ་གསར་དུ་བཞེངས། དེའི་ཕྱི་ལོར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། སྡེ་གཞུང་ཆོས་འཕེལ་རྣམ་གཉིས་ཀྱིས་མི་ཉག་མཁན་ཆེན་ཀུན་དགའ་ཕུན་ཚོགས་བཤད་གྲྭའི་མཁན་པོར་མངགས་ཏེ་ལོ་གསུམ་བཞུགས། དེ་རྗེས་མཁན་པོ་འཇམ་དཔལ་བཟང་པོས་ལོ་གཉིས་དང་། མཁན་པོ་བཀྲ་ཤིས་ཆོས་དར་གྱིས་དཔེ་ཁྲིད་ལོ་གཉིས་ཙམ་མཛད། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་དབང་གིས་བཤད་གྲྭ་འདིའང་རྨེག་མེད་དུ་གྱུར། ཕྱི་ལོ་ ༢༠༠༧ བར་སླར་གསོ་བྱ་མ་ཐུབ། དེ་ནས་མཁན་པོ་བློ་ལྡན་ཤེས་རབ་ཀྱིས་གཙོ་འགན་འཁུར་འོག་སླར་གསོ་བྱས།

{{#arraymap:ཉག་རོང་ཨེ་ཝཾ་དགོན་པ་

|; |@@@ | | }}