18817

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉང་ཉི་མ་འོད་ཟེར་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༡༢༤ ལོར་ལྷོ་གཏམ་ཤུལ་བཙན་གྲོའི་འཇོང་པོ་གསེར་གྱི་དགོན་པར་ཡབ་ཉང་སྟོན་ཆོས་འཁོར་དང་། ཡུམ་པདྨ་བདེ་རྩལ་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གསུམ་པར་ཐུགས་རྗེ་ཆེན་པོ་དང་ཕུར་པ་གྲུབ། འཇོང་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་། ཟངས་ཀྱི་ཕུར་པས་རྟ་སྐད་འཚེར་བ་བྱུང་། ཡབ་དང་སློབ་དཔོན་འདུལ་འཛིན་རྒྱལ་སྲས་ཁམ་བུ་ཡ་ལེ་གུ་རུ་ཁྲོ་བོ་ཆེན་པོ་གྲུབ་ཐོབ་དངོས་གྲུབ་རྣམས་ལས་གསར་རྙིང་གི་ཆོས་མཐའ་ཡས་པ་གསན། གཏེར་ཁ་ཆེན་པོ་བཅུ་བཞི་ཕྱེས། ཡི་དམ་དབང་དུ་འདུས། ཆོས་སྐྱོང་བྲན་དུ་འཁོལ། འཕྲིན་ལས་ཚད་མེད་རྒྱས། གཏེར་རྫས་གང་དག་བླངས་པ་གཏེར་བྱུང་ཚངས་པའི་དྲ་བ་ལས་གསལ། རྙིང་མའི་གཏེར་སྟོན་གོང་མ་ཞེས་གྲགས་ཆེ། གདན་སའི་ཁྲིར་སྲས་འགྲོ་མགོན་ནམ་མཁའ་དཔལ་བཞུགས། རབ་བྱུང་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༡༩༤ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གཉིས་གྲགས་རྒྱལ་ཞིག་པོ་དང་། བདུད་རྩི་སྲས། མི་སྐྱོད་རྡོ་རྗེ། སྨན་འོན་པ། སེ་སྟོན་ཁྲི་མཆོག འགྲོ་མགོན་ནམ་མཁའ་དཔལ་བཅས།

{{#arraymap:ཉང་ཉི་མ་འོད་ཟེར་

|; |@@@ | | }}