18825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉང་འབན་ངག་དབང་ཐུབ་བསྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་ཕྱི་ལོ་ ༡༨༣༦ ལོར་མདོ་སྨད་ཁ་གྱར་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་ཞུགས། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། བཅུ་གཅིག་པར་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་དང་། རྗེ་ཤེས་རབ་རྒྱ་མཚོ་རྣམ་པ་གཉིས་ལས་བསྡུས་གཞུང་སོགས་གཞུང་ཆེན་བཀའ་པོད་ལྔར་གསན། ཉི་ཤུ་བར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། ཉེར་བདུན་པར་དཀའ་རམས་པའི་གྲྭ་སྐོར་མཛད། བཞི་བཅུ་བར་རྒྱ་ནག་ཏུ་བྱོན། སྟོང་འཁོར་སྤྲུལ་སྐུ་དང་། ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རྣམ་གཉིས་ལ་མཇལ། ཞེ་བཞི་བར་དབུས་སུ་ཕེབས། སེ་འབྲས་དགེ་གསུམ་ལ་མཆོད་མཇལ་ཞུས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་། ཁྲི་ཆེན་ངག་དབང་ནོར་བུ་རྣམ་གཉིས་ལ་མཇལ། སྣར་ཐང་བསྟན་འགྱུར་ཆ་ཚང་གཅིག་རང་དགོན་དུ་གདན་དྲངས། ཞེ་དྲུག་པར་བྲ་ཉེ་གསང་སྔགས་དར་རྒྱས་གླིང་གི་མཁན་པོ་མཛད། ང་བཞི་བ་རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ་ ༡༨༨༩ ལོར་སྐུ་གཤེགས། གསུང་རྩོམ་ནི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་གསང་གསུམ་རྒྱན་གྱི་སྣང་བ་དང་། ས་ལམ་རྣམ་གཞག་བློ་གསལ་མགུལ་རྒྱན། གངས་ལྗོངས་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་ཚིགས་བཅད་ཀ་ལ་པིངྒའི་སྒྲ་དབྱངས་ཀྱི་འགྲེལ་བ་བདུད་རྩིའི་འཁྲི་ཤིང་བཅས་ཆོས་ཚན་སོ་གཉིས་ལོངས་པའི་པོད་བཞི་བཞུགས།
Synonyms བྲ་ཉེ་མཁན་པོ།

{{#arraymap:ཉང་འབན་ངག་དབང་ཐུབ་བསྟན་རྒྱ་མཚོ་

|; |@@@ | | }}