18832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ (1)
Part of speech མིང་ཚིག
Definition མདོ། ཐེག་པ་གསུམ་གྱི་ནང་ཚན་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་གང་ཟག་ཐེག་ཆེན་གྱི་སྡེ་སྣོད་རང་གིས་གཙོ་བོར་ཉམས་སུ་མི་ལེན་པ་དང༌། སངས་རྒྱས་སོགས་ལས་ཉན་ཞིང་ཐོས་པར་བྱེད་པས་ན་ཉན་ཐོས་དང༌། ཐོས་ནས་གཞན་ལ་སྒྲོག་པར་བྱེད་པས་ན་ཐོས་སྒྲོག་ཀྱང་ཟེར། དེ་བཞིན་གཤེགས་པ་ལས་ཆོས་ཀྱི་ལུང་མ་མནོས་པར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་ཏེ་ཉན་པ་ལ་ཡང་བྱ། ཡང་དག་པའི་ཤེས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་གཞན་ལ་སྒྲོག་ཅིང་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱ།
Domain ཆོས་ལུགས།

{{#arraymap:ཉན་ཐོས་

|; |@@@ | | }}

ཉན་ཐོས་ (2)
Part of speech མིང་ཚིག
Definition ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་ཐོབ་ནས་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་ཏེ། ཐོས་པ་བྱེད་པའི་ཚུལ་ནི། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟར་རོ། །ཡང་ན་རྫོགས་པའི་སངས་རྒྱས་ཀྱི་ལམ་དེ་བཞིན་གཤེགས་པ་ལས་ཐོས་ནས་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས། འདི་ནི་ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀ་ཞེས་པ་ཐོས་སྒྲོག་ལ་འཇུག་པའི་དབང་དུ་བྱས་པའོ། །འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉན་ཐོས་སུ་འགྱུར་རོ་སྙམ་ན། དེ་ལྟར་ནའང་སྒྲོག་པར་བྱེད་པ་ཉིད་ཡིན་གྱི། རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པ་གང་ཡིན་པ་དེ་ཉན་ཐོས་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐལ་བར་མི་འགྱུར་རོ། །གཟུགས་མེད་ཁམས་ཀྱི་ཉན་ཐོས་རྣམས་ཀྱང་སྔར་འདོད་པའི་རྟེན་ལ་མཐོང་ལམ་ཐོབ་པས་ཁྱབ་ལ་མཐོང་ལམ་དེ་ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་ཡིན་པས་དེ་ཐོབ་པའི་ཚེ་དེ་གཞན་ལ་ཐོས་པའི་ཚིག་འདུལ་བ་ལུང་ལས་མང་དུ་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
Synonyms ཉོན་མོངས་མེད། བརྟུལ་ཞུགས་དབང་པོ། ཐུབ་དབང་གསུང་སྐྱེས། ཐོས་སྒྲོག སྦྱངས་པའི་ཡོན་ཏན་ལ་གནས་པ། ཞི་བ་འཚོལ་བ། ཤྲཱ་བ་ཀ ཟག་པ་ཟད། ཐེག་ཆུང་སྐྱེས་བུ།

{{#arraymap:ཉན་ཐོས་

|; |@@@ | | }}