1971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་གཙོ་འཁོར་བརྒྱ་དང་ཉི་ཤུ་གཅིག་ (1)
Part of speech མིང་ཚིག
Definition བོན། གསང་སྔགས་ཕྱི་རྒྱུད་གཏོགས་པའི་ཀུན་དབྱིངས་ཆོ་གའི་ནང་གི་གཙོ་འཁོར་བཅས་པའི་ལྷ་ཚོགས་ཞིག་སྟེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ཀུན་དབྱིངས་སྐུ་ལྔ་རུ་བཞི་ལ། གཙོ་འཁོར་བརྒྱ་དང་ཉི་ཤུ་གཅིག ཞེས་སོ། །བརྒྱ་དང་ཉི་ཤུ་ནི། དཀྱིལ་འཁོར་ཕོ་བྲང་གླིིང་དགུ་ལ་སྦྱར་ན། ༼དབུས་སུ། ༽ ཀུན་ཁྱབ་དབྱིངས་ཀྱི་གཙོ་བོ་དང་། དེའི་འཁོར་དབྱིངས་ན་བཞུགས་པའི་ལྷ་བརྒྱད། ༼ཤར་དུ། ༽ ལྷ་ཆེན་གཤེན་ལྷ་འོད་དཀར་དང། དེའི་འཁོར་མཁའ་ལ་རྫོགས་པའི་གསས་བརྒྱད། ༼བྱང་དུ། ༽ ངོ་བོ་ཉིད་སྐུ་ཨ་ཏི་མུ་ཝེར་དང། དེའི་འཁོར་མཉམ་པ་ཉིད་ཀྱི་ལྷ་བརྒྱད། ༼ནུབ་ཏུ། ༽ ཅིར་ཡང་སྤྲུལ་སྐུ་ཁྲི་བཞི་ནམ་ཏིང་དང་། དེའི་འཁོར་ཚོགས་བརྒྱད་རིགས་པའི་ལྷ་བརྒྱད། ༼ལྷོ་རུ། ༽ལྷ་ཆེན་མ་པང་དབྱིངས་ཆེན་དང་། དེའི་འཁོར་ཕྲིན་ལས་མཐར་ཕྱིན་ལྷ་བརྒྱད། ༼ལྷོ་ཤར། ༽སྐུ་གསུམ་ཡེ་ཤེས་མེ་ལྷ་དང་། དེའི་འཁོར་འོད་དང་ལྡན་པའི་ལྷ་བརྒྱད། ༼བྱང་ཤར། ༽ ལྷ་ཆེན་མཁའ་འགྱིང་དཀར་པོ་དང། དེའི་འཁོར་རྫུ་འཕྲུལ་ལྡན་པའི་ལྷ་བརྒྱད། ༼བྱང་ནུབ། ༽ ལྷ་ཆེན་སྣང་བ་འོད་ལྡན་དང་། དེའི་འཁོར་དབང་དང་ལྡན་པའི་ལྷ་བརྒྱད། ༼ལྷོ་ནུབ། ༽ ལྷ་ཆེན་མགོན་ལྷ་དཀར་པོ་དང། དེའི་འཁོར་འཇིག་རྟེན་སྐྱོང་བའི་ལྷ་བརྒྱད། བར་ཁྱམས་སུ། རིགས་ཀྱི་སེམས་དཔའ་སོ་གཉིས། ནང་སྒོ་ལ། རིགས་ཀྱི་སེམས་དཔའ་བཞི། ཕྱི་སྒོ་ལ། ཁྲོ་བོ་བཞི་དང་བཅས་བརྒྱ་དང་ཉི་ཤུ་རྩ་གཅིག་གོ། དེ་དག་ཆ་ལུགས་སོགས་ནི། དེ་ཉིད་ལས་རིམ་བཞིན་གསལ་ཏེ། ཡིག་ཚོགས་མང་རྐྱེན་འདིར་མ་བྲིས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་དབྱིངས་གཙོ་འཁོར་བརྒྱ་དང་ཉི་ཤུ་གཅིག་

|; |@@@ | | }}