2036

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བཏགས་ (1)
Part of speech མིང་ཚིག
Definition ཆོས་ལུགས། མདོ། ཕར་ཕྱིན། སེམས་ཙམ་པ། བཀྲིས་ལྷུན་དཀྱིལ་ཁང་ཡིག་ཆར། རང་འཛིན་རྟོག་པས་སྒྲོ་བཏགས་ཙམ་དེ་ཀུན་བཏགས་ཀྱི་མཚན་ཉིད། དབྱེ་ན་ངོ་བོ་ལ་ཀུན་བརྟགས་པའི་ཀུན་བརྟགས། ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བརྟགས་གཉིས། དང་པོ་ནི་གཟུགས་ལྟ་བུ་ལ་དཔེར་མཚོན་ན། ཐོགས་མ་མེད་པ་ནས་ནང་གི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་མིག་ཤེས་ལ་སྣང་བའི་ཆ་དེ་ཡིན། ཡང་ན་འདིར་ནི་གཟུགས་སོགས་མིང་དང་བརྡས་ཐ་སྙད་འདོགས་པའི་འདོགས་གཞི་ཡིན་པའི་ཆ་ལྟ་བུའོ། གཉིས་པ་ནི། འདི་ནི་གཟུགས་ཀྱི་སྐྱེ་བའོ། །འདི་ནི་གཟུགས་ཀྱི་འགག་པའོ། །ཞེས་མིང་དང་བརྡས་ཐ་སྙད་འདོགས་པའི་འདོགས་གཞི་ཡིན་པའི་ཆ་ལྟ་བུའོ། །ཡང་ན་འདི་ནི་གཟུགས་མ་སྐྱེས་པའོ་ཞེས་སོགས་ལྟ་བུའོ། །དེ་སྐད་དུ་ཡང་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་དང་གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ་ཞེས་གསུངས། དེ་ཡང་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་ཞེས་པས་འདོགས་བྱེད་ཀྱི་རྟོག་པ་དེ་བསྟན། འདུ་བྱེད་ཀྱི་མཚན་མ་ལ་ཞེས་པས་ཀུན་བརྟགས་པའི་འདོགས་གཞི་བསྟན་པ་ཡིན་ནོ། ལྷག་མ་རྣམས་ཀྱིས་ཀུན་བརྟགས་ཀྱི་འདོགས་ཚུལ་དེ་བསྟན་ནོ།

{{#arraymap:ཀུན་བཏགས་

|; |@@@ | | }}

ཀུན་བཏགས་ (2)
Part of speech མིང་ཚིག
Definition བཀྲིས་ལྷུན་ཤར་རྩེའི་ཡིག་ཆར། རང་རྒྱུད་པའི་ལུགས་ལ། རང་འཛིན་རྟོག་པའི་སྒྲོ་བཏགས། ཀུན་བཏགས་ཀྱི་མཚན་ཉིད་ཡིན། དེ་ལ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང༌། རྣམ་གྲངས་པའི་དེ་གཉིས་ལས། གཞི་མ་གྲུབ་ན་དང་པོ་ཡིན་དགོས། དང་པོ་ཡིན་ན་གཞི་མ་གྲུབ་པས་ཁྱབ་སྟེ། རྣམ་གྲངས་པའི་ཀུན་བཏགས་དང། གཞི་གྲུབ་ཏུ་གྱུར་པའི་ཀུན་བཏགས་དོན་གཅིག་པའི་ཕྱིར།

{{#arraymap:ཀུན་བཏགས་

|; |@@@ | | }}

ཀུན་བཏགས་ (3)
Part of speech མིང་ཚིག
Definition དགའ་བྱང་གི་ཡིག་ཆར། ཀུན་བཏགས་ཞེས་པ་ནི་རང་འཛིན་རྟོག་པས་བཏགས་ཙམ་ཞིག་ལ་ཟེར། དབྱེ་ན་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང། རྣམ་གྲངས་པའི་ཀུན་བཏགས་གཉིས་ལས་དང་པོ་དང་མེད་པ་གཉིས་ཡིན་ཁྱབ་མཉམ་དང་། གཉིས་པ་དང་ཡོད་པའི་ཀུན་བཏགས་དོན་གཅིག་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད་པའི་དྲང་ངེས་སྤྱི་དོན་ལས། དེ་ཡང་རང་འཛིན་རྟོག་པས་བཏགས་ཙམ་ཀུན་བཏགས་ཀྱི་མཚན་ཉིད། དབྱེ་ན་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང། རྣམ་གྲངས་པའི་ཀུན་བཏགས་གཉིས། དང་པོ་ནི་གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱི་གྲུབ་པ་ལྟ་བུ་དང། གཉིས་པ་ནི། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞི་ཡིན་པ་ལྟ་བུའོ་ཞེས་གསུངས།

{{#arraymap:ཀུན་བཏགས་

|; |@@@ | | }}

ཀུན་བཏགས་ (4)
Part of speech མིང་ཚིག
Definition རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཟུང་འཛིན་རིག་གསུམ་ཐ་དད་པའི་ཆ་དང། བྱས་མི་རྟག་ཐ་དད་པའི་ཆ་ལ་སོགས་པ་རྣམས་ནི་ཀུན་བཏགས་ཡིན་ལ། ཞེས་གསུངས།

{{#arraymap:ཀུན་བཏགས་

|; |@@@ | | }}