20375

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏཱའི་སི་ཏུ་སྐུ་ཕྲེང་དྲུག་པ་ (1)
Part of speech མིང་ཚིག
Definition ཀྭན་ཏིང་ཏཱའི་སི་ཏུ་མི་ཕམ་ཕྲིན་ལས་རབ་བརྟན་ནི། རབ་བྱུང་བཅུ་པའི་ཤིང་ཁྱི་ཕྱི་ལོ་ ༡༦༣༥ ལོར་སྡེ་དགེ་རྨན་ཤོད་རྩིད་དྭངས་གྲོང་དུ་འཁྲུངས། ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་གནང་། སྐབས་དེར་དབུས་གཙང་འཁྲུགས་པས་བོད་ཁམས་སྤྱི་ལ་ཟིང་ཆེར་ལངས། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་བཙུགས། གོང་ས་ལྔ་པ་མཆོག་དང་སྐུ་སྒེར་གྱི་འབྲེལ་བ་ཤིན་ཏུ་ཟབ་ཀྱང་བཀའ་བློན་རྣམས་སྟོབས་ཤིན་ཏུ་ཆེ་བར་བརྟེན་རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་བྱོལ་ཕེབས་པར་བསན་རྗེས་དེའི་སྐུ་རྗེས་སུ་བསྙེགས་ཏེ་གདན་ས་བར་པ་ནས་ཕྱག་མཛོད་ཀརྨ་བསམ་འགྲུབ་སོགས་སྐུ་འཁོར་འཇང་ཡུལ་དུ་བྲོས་བྱོལ་ཕེབས་པའི་ལམ་བར་དཔལ་འབྱོར་དགོན་དུ་གདན་ཞུས་ལྟར་ཕེབས། མ་འོངས་པར་ཡང་སྲིད་གནས་འདིར་འབྱོན་པའི་ལུང་བསྟན། འཇང་ཡུལ་དུ་བཞུགས་སྐབས་བཀའ་བསྟན་ཉམས་པ་ལ་ཐུགས་གིས་མ་བཟོད་ནས་སྐུ་ཚེའི་འདུ་བྱེད་བཏང་སྟེ་སྟོབས་ཀྱི་དབང་བསྒྱུར་བའི་རྒྱལ་པོ་ཞིག་གི་སྐྱེ་བ་བཞེས་ཏེ་བཀའ་བསྟན་ཉམས་པ་གསོ་དགོས་པའི་གསོལ་བ་བཏབ་པར་རྒྱལ་བ་ཀརྨ་པའི་ཞལ་ནས་དེང་དུས་བསྟན་པ་རྣལ་མ་ནི་མི་ཡོང་། བསྟན་པའི་གཟུགས་བརྙན་ཙམ་ལ་དགོངས་ནས་དེ་ལྟ་བུ་མཛད་པ་ནི། ཁོོ་བོ་དང་ཚེ་རབས་ཀུན་ཏུ་འབྲལ་བའི་རྒྱུ་ཡིན་གསུངས་ཤིང། བྱང་ཆུབ་སེམས་བསྐྱེད་དང་བཟོད་སྒོམ་ཉམས་ལེན། དེ་བཞིན་དགོངས་ཚུལ་གྱི་ཞལ་གདམས་ལས་འགོང་མ་ནུས། འོན་ཀྱང་བཀའ་བསྟན་ཉམས་པ་ལ་ཐུགས་ཆད་པའི་རྣམ་པ་ལྟ་བུར་ཤིན་ཏུ་འཆོལ་བའི་སྤྱོད་པ་ཉིད་ཀྱིས་དུས་འདའ་བར་མཛད་ནས་བཞུགས། མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་ ༡༦༨༣ ལོར་དགུང་ལོ་ལྔ་བཅུ་པར་རི་བོ་བྱ་རྐང་ནས་ལྷོ་ཕྱོགས་སུ་བསམ་པ་ས་ཆུ་ཤོ་ཧོ་ཟེར་བའི་ས་གནས་དེར་སྐུ་གཤེགས། ས་གནས་དེ་ལ་སྐུ་གདུང་གི་མཆོད་རྟེན་ཞིག་ཀྱང་བཞེངས་པར་གསལ་ལོ། །

{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་དྲུག་པ་

|; |@@@ | | }}