2043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བཏུས་འགྲེལ་བ་རབ་གསལ་སྣང་བ་ (1)
Part of speech མིང་ཚིག
Definition ཐེག་པ་ཐུན་མོང་གི་མདོའི་གཞུང་། མཚན་རྒྱས་པ་ནི། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ། ཞེས་གསོལ། འགྲེལ་བ་པོ་ནི་ཇོ་ནང་བླ་མ་ས་བཟང་མ་ཏི་པཎ་ཆེན། འགྲེལ་བྱ་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཆོས་མངོན་པ་ཀུན་ལས་བཏུས་པ། བརྗོད་བྱ་ནི་ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པ། རྗོད་བྱེད་ཀྱི་གཞུང་ཚད་ལ་བམ་པོ་གསུམ་གའི་འགྲེལ་བྱེད་གསུམ་སྟེ། བམ་བོ་དང་པོའི་འགྲེལ་བྱ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག བམ་པོ་གཉིས་པའི་འགྲེལ་བྱ་ནི། བྱུང་མ་བྱུང་གཉིས་དང་དུས་གསུམ་དང་དགེ་སོགས་ཆོས་གསུམ་དང་། ཁམས་གསུམ་སོགས་སོ། །བམ་པོ་གསུམ་པའི་འགྲེལ་བྱ་ནི། བདེན་པ་རྣམ་ངེས། བམ་པོ་ལྔ་བའི་འགྲེལ་བྱ་ནི། ཐོབ་པ་རྣམ་ངེས་བཅས་འགྲེལ་བའི་གཞུང་ཚད་ལ་པོད་ཆེན་གཉིས་བཞུགས། བརྩམས་པའི་ལོ་ཚིགས་གསལ་བོ་བཀོད་མི་འདུག མངོན་པའི་ཆོས་ཀྱི་བརྒྱུད་རིམ་ནི་གཞུང་དེའི་མཇུག་ཏུ། མངོན་པའི་མདོ་ནི་རྒྱལ་བས་རྒྱལ་ཚབ་ལ། །གསུངས་ཤིང་དེ་ཡིས་རྒྱལ་སྲས་ཐོགས་མེད་ལའོ། །བསྟན་བཅོས་འདི་ནི་ཐོགས་མེད་དབྱིག་གཉེན་དང་། །བློ་བརྟན་གང་བ་སྤེལ་ལས་རིམ་བརྒྱུད་དེ། །ཛི་ན་མི་ཏྲས་ཀ་ཅོག་ཞང་གསུམ་ལའོ། །དེ་རྣམས་ཀྱིས་ནི་༼ནམ་ནང་༽ཟླ་བའི་རྡོ་རྗེ་དང་། །༼ལྷ་ལུང་༽དཔལ་གྱི་རྡོ་རྗེ་༼དཔའ་༽རྒྱལ་བའི་ཡེ་ཤེས་༼གསུམ་༽ལའོ། །དེ་ནས་རྒྱལ་༼བའི་ཡེ་ཤེས་༽དང་༼བུ་༽མཆོག་གི་ཡེ་ཤེས་ལའོ། །དེ་ནས་རིམ་བཞིན་༼སེ་བཙུན་༽གཞོན་ནུ་དབང་ཕྱུག་དང་། །༼འགར་མི་༽ཡོན་ཏན་༼ཁུ་སྟོན་༽གཡུང་དྲུང་བརྩོན་འགྲུས་གཡུང་དྲུང་དང་། །༼ཁྲི་བཟང་འབར་༽ར་རྒྱལ་༼ཚུལ་སེང་༽ལི་༼ཆོས་གྲགས་༽གསུམ་དར་མ་སྙིང་བོ་དང་། །ཡེ་འབྱུང་འབན་༼དཀོན་མཆོག་རྡོ་རྗེ་༽དང་ཐོ་༼སྟོན་༽དང་སྟོན་སྐྱབས་དང་། །འཇད་པ་གཞོན་བྱང་འབྲི་མཚམས་ཞང་དང་ནི། །བོ་དོང་རིན་རྩེ་སྟག་སྡེ་སེང་རྒྱལ་དང་། །མཁས་ཆེན་བློ་གྲོས་བརྟན་པ་ལས་བརྒྱུད་དེ། །ས་བཟང་པཎྚི་ཏ་༼བློ་གྲོས་རྒྱལ་མཚན་དཔལ་བཟང་བོ་བདག་༽ལ་གནང་བའོ། །དེ་ནས་འཇམ་དབྱངས་ཆོས་ཀྱི་མགོན་པོ་དང་། །ཤཱཀྱའི་དགེ་སློང་རིན་ཆེན་བསོད་ནམས་ལའོ། །ཞེས་བྱུང་། །

{{#arraymap:ཀུན་བཏུས་འགྲེལ་བ་རབ་གསལ་སྣང་བ་

|; |@@@ | | }}