2051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བཟང་ངེས་དོན་དབང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི་ཕྱག་ཚ་དཔོན་ཚང་དུ་སྐུ་འཁྲུངས། རིག་འཛིན་བདུད་འདུལ་རྡོ་རྗེའི་ཆོས་བདག་སྦྲ་འགོ་བ་བརྩོན་འགྲུས་རྒྱ་མཚོ་ཞེས་གྲུབ་པའི་རྣལ་འབྱོར་ཆེན་པོའི་གོ་འཕང་མངོན་དུ་མཛད་པ་རིག་འཛིན་ཀློང་གསལ་སྙིང་པོའི་ཐུགས་སྲས་སུ་གྱུར་པ་དེའི་སྐྱེ་བ་དེ་མ་ཐག་པ་རུ། དྲི་མེད་ཞིང་སྐྱོང་མགོན་པོ་དཔལ་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཚན་གསོལ་དང་འབྲེལ་ཀཿཐོག་རྡོ་རྗེའི་གདན་དུ་ཁྲིར་བཀོད། ཀཿཐོག་ཕྱག་ཚ་སྐུ་ཕྲེང་དང་པོ་ཡིན། སྔ་འགྱུར་བཀའ་གཏེར་སྤྱི་དང་གཏེར་ཆེན་བདུད་ཀློང་རྣམ་གཉིས། ཁྱད་པར་ཡང་ཏི་སྐོར་སོགས་སྔ་རབས་པའི་སྙན་བརྒྱུད་གདམས་པའི་སྐོར་རྣམས་ཀྱི་སྨིན་བྱེད་དང༌། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ལ་གསན་སྦྱོང་ཡོངས་སུ་རྫོགས་པས་ཉམས་ལེན་གནད་ཐོག་ཏུ་སྨིན། མདོ་དང་སྔགས་ཀྱི་ཆོས་ཚུལ་དྲི་མ་མེད་པ་འཆད་ཉན་དང་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བསྙེན་སྒྲུབ་མཐར་ཕྱིན་པའི་དྲོད་རྟགས་མངོན་དུ་བརྙེས། སློབ་མའི་གཙོ་བོ་འཇིགས་མེད་རིག་འཛིན་མགོན་པོ་དང༌། རྨོག་རྩ་ཆོས་དབྱིངས་རྡོ་རྗེ། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། མཆོག་སྤྲུལ་བསོད་ནམས་རྣམ་རྒྱལ། ཉིན་དགོན་འགྱུར་མེད་ངེས་དོན་བསྟན་འཛིན། བྱ་བྲལ་ནམ་མཁའ་རྡོ་རྗེ་སོགས་བྱོས་ནས་དེ་དག་གིས་ཀྱང་བསྟན་པའི་སྲོལ་རྒྱུན་མི་ཉམས་པར་སྐྱོང་བར་མཛད་དོ། །

{{#arraymap:ཀུན་བཟང་ངེས་དོན་དབང་པོ་

|; |@@@ | | }}