20521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིག་ཏ་ (1)
Part of speech མིང་ཚིག
Definition ཏིཀྟཿདེ་ཟུར་ཆག་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་ཁ་བ་ཞེས་འགྱུར་ཏེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཏིག་ཏ་ནི། ལེགས་སྦྱར་གྱི་སྐད་ཀྱི་ཏིཀྟཿཞེས་ཟུར་ཆག་པ་ཡིན་པས། བོད་སྐད་དུ་ཁ་བ་ཞེས་འགྱུར། ངོ་བོ་ནི་རྒྱ་གར་ནས་འབྱུང་བའི་ཤིང་ཕྲན་གྱི་རིགས་རོ་ཤིན་ཏུ་ཁ་ཞིང་ནུས་པས་མཁྲིས་ནད་སེལ་ནུས་པ་ཞིག་གི་མིང་ངོ། །ཞེས་གསུངས་པ་ལྟར་རོ། །
Foreign ཟུར་ཆག
Synonyms ཏིཀྟ། ཁ་བ། བལ་ཏིག བོད་ཏིག ཏིག་ཏ་སྤུན་གསུམ། ཀློ་ཏིག གུར་ཏིག ཤུག་ཏིག ཕག་ཟུག ལྡུམ་དུག རྐང་གཅིག་པ། ཁ་བ་ཅན། ནུ་མོ་ལྔ་ལྡན། གསེར་ཏིག དངུལ་ཏིག ལྕགས་ཏིག ཟངས་ཏིག གུར་ཏིག བྲག་ནས་ཏིག་ཏ། མོན་སྐྱེས་མ། མོན་ཏིག གསེར་ལྡན། བསིལ་བྱེད།

{{#arraymap:ཏིག་ཏ་

|; |@@@ | | }}