20545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གསུམ་ (1)
Part of speech མིང་ཚིག
Definition མདོ། སྟོང་ཉིད་ལ་དམིགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཏིང་ངེ་འཛིན་ཞིག་ལ་འཇོག དེ་དག་ངོ་བོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་མདོ་ལས། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང་ཞེས་གསུངས་པ་དང། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང། མཚན་མ་མེད་པའི་ཏིང་ངེ་འཛིན་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་པ་དང། ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཉིད་དང། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་དང། ཞེས་གསུངས་པའི་ཁྱད་པར་གང་ཞེ་ན། ཁྱད་པར་ཡོད་དེ། དང་པོས་སྟོང་ཉིད་ལ་དམིགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྤྱིར་བསྟན། གཉིས་པས་སྟོང་ཉིད་ལ་དམིགས་པའི་བསྒོམས་བྱུང་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བསྟན། གསུམ་པས་སྟོང་ཉིད་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་བསྒོམས་བྱུང་ཁོ་ན་བསྟན་པའི་ཕྱིར་ཏེ། བསྡུ་བ་ལས། གང་དུ་སྟོང་པ་ཉིད་དང། སྨོན་པ་མེད་པ་དང། མཚན་མ་མེད་པ་བྱེ་བྲག་མེད་པར་གསུངས་པ་དེར་ནི། དེ་དག་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བ་ཉིད་ཡིན་པར་ལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་ནི། དེ་དག་བསྒོམས་པ་ལས་བྱུང་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་ལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་དེ་ནི། དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་ལྟ་བར་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཏིང་ངེ་འཛིན་གསུམ་

|; |@@@ | | }}

ཏིང་ངེ་འཛིན་གསུམ་ (2)
Part of speech མིང་ཚིག
Definition མངོན་པ། མདོ་ལས། ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་ཏིང་ངེ་འཛིན་གསུམ་གསུངས་པ་ལ་བསམ་གཏན་ཁྱད་པར་ཅན་དེ་ནི་རྟོག་པ་ཙམ་ཞིག་བཀག་པས་རྟོག་མེད་དཔྱོད་ཙམ་གྱི་ཏིང་ངེ་འཛིན་ཡིན་ལ། ཁྱད་པར་ཅན་དེ་མན་ཆད་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་ཉེར་བསྡོགས་མི་ལྕོགས་མེད་གཉིས་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །ཁྱད་པར་ཅན་དེ་ཡན་ཆད་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་རྣམས་ནི་ས་དེ་བསྡུས་ཀྱི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:ཏིང་ངེ་འཛིན་གསུམ་

|; |@@@ | | }}

ཏིང་ངེ་འཛིན་གསུམ་ (3)
Part of speech མིང་ཚིག
Definition མ་ཧཱ་ཡོ་གའི་བསྐྱེད་རིམ་རྣམས་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་པ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་ནོ། །

{{#arraymap:ཏིང་ངེ་འཛིན་གསུམ་

|; |@@@ | | }}

ཏིང་ངེ་འཛིན་གསུམ་ (4)
Part of speech མིང་ཚིག
Definition རྣལ་འབྱོར་རྒྱུད་ཡན་ཆོད་ཀྱི་བསྐྱེད་རིམ་སྤྱིའི་རྣལ་འབྱོར་གསུམ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང༌། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ།

{{#arraymap:ཏིང་ངེ་འཛིན་གསུམ་

|; |@@@ | | }}