20707

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིལླི་ཤེས་རབ་བཟང་པོ་ (1)
Part of speech མིང་ཚིག
Definition ཐུན་མོང་མིའི་སྣང་ངོར། རྒྱ་གར་ཤར་ཕྱོགས་ཛྷ་ཀོ་ཞེས་པར། ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་མོ་གསལ་ལྡན་གྱི་སྲས་སུ་འཁྲུངས། ཆུང་ངུ་ནས་ཀླུ་སྒྲུབ་ཀྱིས་ལས་ཅན་དུ་རིག་སྟེ། འདོད་འཇོའི་བུམ་པའི་མཐུ་ལ་བརྟེན་ནས། ཡུལ་དེའི་རྒྱལ་པོར་དབང་བསྐུར། རྒྱལ་སྲིད་ཡུན་རིང་བསྐྱངས་མཐར། འཁོར་བ་ལས་ཡིད་བྱུང་ནས་རང་གི་སྲས་རྒྱལ་པོར་བཀོད་དེ། སོ་མ་པུ་རི་དུར་ཁྲོད་ཀྱི་གཙུག་ལག་ཁང་བྱ་བར་ཞང་པོ་ལ་རབ་ཏུ་བྱུང་། དེར་ཀློག་ལ་བརྩོན་བཞིན་པའི་ཚེ། བུད་མེད་སྐྲ་ལི་བ། ཤ་སྔོ་ལ་སྨ་ར་སེ་ཁྱུག་གེ་བ་ཞིག་བྱུང་། མཁའ་འགྲོ་མར་ཤེས་ནས་གསོལ་བ་བཏབ་པས། དེར་འཁོར་ལོ་སྡོམ་པ་འབྱུང་བའི་དཀྱིལ་འཁོར་ནམ་མཁར་སྤྲུལ་ནས་དབང་བསྐུར། བསྐྱེད་རྫོགས་ཀྱི་རིམ་པ་རྣམས་བསྟན་ནས། ད་ནི་སྨྱོ་བ་སྐད་གྱིས་ལ། རྟགས་ཆ་ལུགས་བོར་ནས་གསང་བས་ཉམས་སུ་ལོངས་ཤིག་ཟེར་ནས་མི་སྣང་ངོ་། །དེ་ནི་མ་སྐལ་བ་བཟང་མོ་ཡིན། ཕྱག་ཆེན། ཕ་རྒྱུད། མ་རྒྱུད། འོད་གསལ་བཅས་ཀྱིས་བཀའ་བབ་པ། ཇི་སྐད་དུ། ཙཱརྻ་ཀླུ་སྒྲུབ་ལྭ་བ་པ། །མ་ཏི་སྐལ་བ་བཟང་མོ་སྟེ། །བཀའ་བབ་བཞི་ཡི་བླ་མ་བསྟེན། །ཞེས་སོ། །ལྭ་བ་པས་ལུང་བསྟན་པ་ལྟར་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་ན་བྷངྒ་ལའི་ཚོང་འདུས་སུ། སྨད་འཚོང་མའི་གཡོག་མཛད་དེ། ཏིལ་བརྡུང་བའི་ཚུལ་གྱི་ལམ་བསྒོམས་པས། ལོ་བཅུ་གཉིས་ན་མཐོང་ལམ་གྱི་རྟོགས་པ་སྐྱེས་པས། མི་རྣམས་ལ་མཐོང་བ་སྣ་ཚོགས་སུ་གྱུར་ནས་ཆོས་བསྟན་པས། ཐམས་ཅད་སྐད་ཅིག་ལ་གྲོལ་ནས་མཁའ་སྤྱོད་དུ་སོང་བས་ཡུལ་དེ་ཐེངས་གཅིག་ལ་སྟོང་བར་གྱུར་ཏོ། །དེ་ནས་མཚན་ཏིལླི་པར་གྲགས། རྣལ་འབྱོར་པ་མ་ཏི། མུ་སྟེགས་པའི་སྟོན་པ། སྒྱུ་མ་མཁན། གླུ་མཁན་ཆང་འཚོང་བཤན་པ་སོགས་བརྒྱད་བཏུལ་བ་རྣམས། སྐུ་མ་སྤངས་པར་མི་ཡུལ་གྱི་རི་བྲག་རྣམས་སུ། དུས་ད་ལྟའི་བར་དུ་བཞུགས་ཞེས་གྲགས་ལ། ཨོ་རྒྱན་དུ་བྱོན་ནས་སྙན་བརྒྱུད་ནོར་བུ་སྐོར་གསུམ་དང་ལུས་མེད་མཁའ་འགྲོའི་ཆོས་སྡེ་རྣམས་གདན་དྲངས། སྐུ་དེ་ཉིད་འོག་མིན་དུ་བྱོན་ནས། རྡོ་རྗེ་འཆང་དངོས་སུ་མཇལ་ཞིང་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་བཅད། ཐམས་ཅད་ཀྱི་དོན་དྲིལ་བ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གསན་ཅིང་། མི་ཡུལ་དུ་བསྣམས་ནས་དྲིལ་བསྒྲགས་ཏེ་ཀུན་ལ་བསྟན་པས། སྐལ་བ་ཅན་ཐམས་ཅད་ཀྱིས་མཁའ་སྤྱོད་གྲུབ་ནས། ཡུལ་གྲུ་མང་པོ་སྟོང་པར་གྱུར་ཏོ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་རྟག་ཏུ་བཞུགས་ཀྱང་། སྐལ་མེད་རྣམས་ཀྱིས་མཐོང་བར་མི་ནུས་པ་ཞིག་གོ །དེ་ལ་སློབ་མ་རྒྱལ་རིགས་ནཱ་རོ་པ། བྲམ་ཟེ་རི་རི་པ། རྗེ་རིགས་ཀ་སོ་རི་པ་ལ་སོགས་པ་མང་དུ་མཆིས། མཆོག་ཏུ་གྱུར་པ་དཔལ་ནཱ་རོ་ཏ་པའོ། །

{{#arraymap:ཏིལླི་ཤེས་རབ་བཟང་པོ་

|; |@@@ | | }}