2093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ (1)
Part of speech མིང་ཚིག
Definition དམ་པ་ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོར་མདོ་སྨད་གཅན་ཚ་སྣང་ར་ཞེས་པར་ཡབ་ངག་དབང་རྣམ་རྒྱལ་དང་ཡུམ་རྣམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པའི་སྐབས་འདུལ་འཛིན་ཆེན་པོ་དོན་གྲུབ་རྒྱ་མཚོ་ལས་རབ་ཏུ་བྱུང་བ་དང། དགུང་ལོ་བཅུ་གསུམ་པའི་ཚེ་སྟོང་འཁོར་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་བཞེས་པའི་སྐབས་སྐུ་གོང་མའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞབས་སོར་བཀོད་དེ་གསན་སྦྱོང་གི་དབུ་ཚུགས། དགུང་ལོ་ཉེར་གཉིས་སྐབས་ལྕང་སྐྱ་རོལ་བའི་རྡོ་རྗེའི་མདུན་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་ལྔའི་ཐོག་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་སློབ་གཉེར་མཐར་ཕྱིན་པར་མཛད། དེ་ལྟར་མདོ་དབུས་གཉིས་སུ་ཐུགས་གཉེར་གནང་སྟེ་གངས་ཅན་མཁས་པའི་གཙུག་རྒྱན་དམ་པར་གྱུར། གཞུང་ས་དགའ་ལྡན་ཕོ་བྲང་གིས་པཎྚི་ཏ་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ག་བསྩལ། ཨ་མཆོག་བདེ་མོ་ཐང་དགོན་པ་སོགས་དགོན་སྡེ་ཁག་ཅིག་བཏབ། གདན་ས་བཀྲ་ཤིས་འཁྱིལ་སྐུ་གོང་མའི་ཐུགས་དགོངས་ལྟར་འཆད་ཉན་སོགས་ཕྱོགས་ཐམས་ཅད་ནས་ཆེས་ཆེར་དར་བར་མཛད། ཕུར་ལྕོག་བྱམས་པ་རིན་པོ་ཆེས་གསུང་ཆོས་ཤིག་གི་སྐབས་ཚོགས་གཏམ་གནང་སྟེ། དེང་དུས་ཀྱི་སྤྲུལ་སྐུ་མི་ཐོག་རེ་བརྗེས་ན་ཇེ་ཐུ་ཇེ་སྡུག་ཡིན་ཀྱང། ཨ་མདོ་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་དམིགས་བསལ་ཡིན་ཞེས་གསུངས། བླ་བྲང་བཀྲ་ཤིས་འཁྱིལ་ལྷ་སྡེ་དང་བཅས་པའི་ཆོས་སྲིད་དར་རྒྱས་ཚགས་ཚུད་བྱུང་བ་འདི་བའི་མཛད་རྗེས་ཁོ་ན་ལ་རག་ལས་པ་ལྟ་བུར་སྣང། དགུང་ལོ་རེ་བཞི་བཞེས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། རྗེ་འདིས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཡོངས་འཛིན་བཞི་བཅུ་ཙམ་བསྟེན་ནས་ཐུབ་བསྟན་རྣམ་དག་གི་རྒྱུན་གང་ཡོད་གསན་པའི་རྒྱལ་བའི་གསུང་རབ་མཐའ་དག་ལ་ནང་བྱན་ཆུད་ཅིང་བཀའ་རྩོམ་པོད་བཅུ་ཕྲག་བཞུགས་པ་རྣམས་བརྗོད་བྱ་ཟབ་ཅིང་བརླིང་ལ་འདུས་ཆེ་བ་དང། རྗོད་བྱེད་སྙན་ཞིང་བརྗིད་ལ་འབྲེལ་ཆགས་པ་མཁས་ཀུན་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པ་འབའ་ཞིག་ཏུ་གྲགས། གསུང་སྐྱེས་བུ་སློབ་ཀྱང་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང། ས་སྐྱ་བདག་ཆེན་ཀུན་དགའ་ཆོས་སྐྱོང་སོགས་སྐྱེས་ཆེན་བགྲང་གིས་མི་ལང་།

{{#arraymap:ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་

|; |@@@ | | }}