2095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅུ་དྲུག་པའི་ས་བྱི་ཕྱི་ལོ་ ༡༩༤༨ ལོར། མདོ་སྨད་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་རྐང་ཚ་གོང་མ་ཞེས་པར། ཡབ་མདོ་སྔགས་སྐྱབས་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་སྐུ་ཕྲེང་བཅུ་བས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་ ༡༩༥༢ ལོར་བཀྲ་ཤིས་འཁྱིལ་གྱི་ཆོས་ཀྱི་གསེར་ཁྲིར་མངའ་གསོལ། ཕྱི་ལོ་༡༩༥༥ ལོར་རྒྱལ་པ་པཎ་ཆེན་རྣམ་གཉིས་བླ་བྲང་དུ་ཆིབས་ཞལ་བསྒྱུར་སྐབས། དཔལ་དུས་ཀྱི་འཁོར་ལོའི་དབང་དང་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་དབང་སོགས་གསན། གླིང་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༥༨ ལོར་བཟང་བཙོན་ལྟ་བུར་བཀག་ཉར་བྱས། ཕྱི་ལོ་ ༡༩༦༡ ལོར་བསང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས། ཕྱི་ལོ་ ༡༩༦༦ ལོར་རྒྱ་དམར་གྱིས་དབུ་ལ་ཤོག་ཞྭ་བསྐོན་ཏེ་བླ་བྲང་ཁྲོམ་སྲང་དུ་ཉི་མ་རེ་རེ་བཞིན་ཁྲིད་ནས་ཧུར་བརྩོན་པ་དག་ལ་རྡུང་རྡེག་མི་བཟད་པ་བྱེད་དུ་བཅུག་པ་དང་སྔ་ཕྱིར་ལམ་བཟོ་སོགས་སུ་བཏང་སྟེ། ངལ་རྩོལ་སྡུག་ལས་ལ་བཀོལ་པ་སོགས་མི་ལོ་ཉི་ཤུ་ལྷག་སྐུ་ངལ་ཚད་མེད་མྱངས་དགོས་བྱུང། ཕྱི་ལོ་ ༡༩༧༩ ལོར་སྲིད་ཇུས་ལ་འགྱུར་བ་ཅུང་ཟད་བྱུང་བ་ནས་སླར་ཡང་སྲིད་གྲོས་ཀྱི་ཚོགས་མི་སོགས་ཀྱི་གོ་གནས་བསྐྱར་གསོ་བྱས་ཏེ། ད་ལྟ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་སྤྱིའི་ལས་འགན་སོགས་གནང་བཞིན་པའི་སྐབས་ཡིན།

{{#arraymap:ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་

|; |@@@ | | }}