2115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་འགྲོ་ལྔའི་ནང་ཚན་ཡིད་བྱེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཡིད་ལ་བྱེད་པ་ཞེས་པ་ནི། རང་དང་མཚུངས་ལྡན་གྱི་སེམས་དམིགས་པ་བྱེ་བྲག་པ་ལ་གཏོད་པར་བྱེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པ་སྟེ། དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ། །ཞེས་གསུངས། སེམས་པ་དང་ཡིད་ལ་བྱེད་པ་གཉིས་ཀྱི་ཁྱད་པར་ནི། སེམས་པས་ནིསེམས་སྤྱིར་ཡུལ་ལ་གཡོ་བར་བྱེད་པ་ཡིན་ལ། ཡིད་ལ་བྱེད་པས་ནིཡུལ་བྱེ་བྲག་པ་ལ་སེམས་གཡོ་བར་བྱེད་པའོ། །དེ་ཡང་ཀུན་འགྲོ་ལྔ་པོ་གང་རུང་ཞིག་མ་ཚང་ན་ཡུལ་གྱི་ལོངས་སྤྱོད་མི་རྫོགས་ཏེ། ཚོར་བ་མེད་ན་མྱོང་བ་མེད་པར་འགྱུར་ལ། འདུ་ཤེས་མེད་ན་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པ་མེད་ལ། སེམས་པ་མེད་ན་ཡུལ་ལ་ཕྱོགས་པ་མེད་ལ། ཡིད་ལ་བྱེད་པ་མེད་ན་དམིགས་པ་བྱེ་བྲག་པ་ལ་སེམས་གཏོད་པ་མེད་པར་འགྱུར་ལ། རེག་པ་མེད་ན་ནི་རྟེན་མེད་པར་འགྱུར་བས་ཡུལ་གྱི་ལོངས་སྤྱོད་རྫོགས་པ་ལ་ཀུན་འགྲོ་ལྔ་ཀ་ཚང་དགོས་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་འགྲོ་ལྔའི་ནང་ཚན་ཡིད་བྱེད་

|; |@@@ | | }}