2116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་འགྲོ་ལྔའི་ནང་ཚན་རེག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རེག་པ་ཞེས་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཚོར་བ་བདེ་བ་སོགས་གང་མྱོང་འགྱུར་དང་རྗེས་སུ་མཐུན་པའི་ཡུལ་ཡོངས་སུ་གཅོད་པའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རེག་པ་གང་ཞེ་ན། གསུམ་འདུས་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་སྟེ། ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདི་ལའང་རྟེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་གོ །
Domain ཆོས་ལུགས།

{{#arraymap:ཀུན་འགྲོ་ལྔའི་ནང་ཚན་རེག་པ་

|; |@@@ | | }}