2117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་འགྲོ་ལྔའི་ནང་ཚན་སེམས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སེམས་པ་ཞེས་པ་ནི། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པའི་ལས་ཏེ། དགེ་བ་དང་མི་དགེ་བ་དང། ལུང་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ་ཞེས་གསུངས། སེམས་བྱུང་ཐམས་ཅད་ཀྱི་ནང་ནས་འདི་གཙོ་ཆེ་བ་ཡིན་ཏེ། སེམས་སེམས་བྱུང་གང་ཡང་ཡུལ་ལ་འཇུག་པར་བྱེད་པ་སེམས་བྱུང་འདིའི་མཐུ་ཡིན་པའི་ཕྱིར།
Example རྡོ་ཁབ་ལེན་གྱི་ལྕགས་རང་དབང་མེད་པར་ལེན་པ་ལྟར། སེམས་བྱུང་སེམས་པ་འདིས་སེམས་རང་དབང་མེད་པར་ཡུལ་ལ་འཇུག་པར་བྱེད་དོ། །དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་དང་དྲུག་གོ།
Domain ཆོས་ལུགས།

{{#arraymap:ཀུན་འགྲོ་ལྔའི་ནང་ཚན་སེམས་པ་

|; |@@@ | | }}