21731

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་མདོ་སྨད་ཙོང་ཁའི་རི་རྒྱུད་རེབ་ཀོང་ཆ་ཇིའི་ཀླུ་མཁར་དུ་ཡབ་རྡོ་རྗེ་རབ་བརྟན་དང་། ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་སྐུ་གཤེགས། ལྔ་བར་ཡི་གེའི་འབྲི་ཀློག་སྦྱངས། བདུན་པར་དགེ་འདུན་ཡར་འཕེལ་ལས་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ཞེས་གསོལ། བཞི་བར་བདེ་ཆེན་དགེ་ཚོགས་གླིང་གི་ཆོས་གྲྭར་ཞུགས། ཕྱི་ནང་རིག་གནས་བཅས་ལ་སྦྱངས་མཛད། ཉི་ཤུ་བར་རྗེ་ངག་དབང་བསྟན་འཛིན་ལས་བསྙེན་པར་རྫོགས། ཉེར་གཅིག་པར་མགུར་དགོན་རྣམས་རྒྱལ་གླིང་གི་གདན་ཁྲིར་ཕེབས། །ཉེར་བཞི་བར་གདན་ས་བདེ་ཆེན་ཆོས་གླིང་དུ་ཕེབས། ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས། ཉེར་བརྒྱད་ནས་སོ་བརྒྱད་བར་ལོ་བཅུའི་རིང་དབེན་པར་ཉམས་ལེན་མཛད། སོ་དགུ་བར་དབུས་སུ་ཕེབས། རྒྱལ་པཎ་རྣམ་གཉིས་ལ་མཇལ། མི་རིང་བར་མདོ་སྨད་དུ་བྱོན། བྲག་དཀར་གྱི་འདུ་ཁང་། བདེ་ཆེན་ཆོས་གླིང་གི་འདུ་ཁང་། རོང་བྲག་རྡོ་རྗེ་རྫོང་གི་འདུ་ཁང་། རྭ་རྒྱ་དགོན་གྱི་འདུ་ཁང་། ལྷ་རི་བསམ་གཏན་གླིང་གི་འདུ་ཁང་བཅས་གཙུག་ལག་ཁང་ཉི་ཤུ་ཙམ་གསར་བཞེངས་མཛད། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐེངས་གསུམ་ཕེབས། རྗེ་ཤེས་རབ་རྒྱ་མཚོ་ལས་དབང་ལུང་མན་ངག་མང་དུ་གསན། ང་བརྒྱད་པར་འཇམ་མོའི་གྲྭ་ཚང་། ཅོག་རོང་གྲྭ་ཚང་། ཧོར་རྒྱའི་གྲྭ་ཚང་། མི་ཉམ་གྲྭ་ཚང་བཅས་གྲྭ་ཚང་ལྔའི་འདུ་ཁང་བཞེངས། དྲུག་ཅུ་བ་ནས་བཟུང་རང་དགོན་དུ་གཙོ་བོ་བཞུགས། དོན་ལྔ་བར་མཁར་སྔོན་ཧུ་ཐོག་ཐུའི་སྤྲུལ་སྐུར་རབ་བྱུང་གི་སྡོམ་པ་གནང། མཚན་ལ་དགེ་འདུན་བསྟན་པ་ཕུལ་བྱུང་ཞེས་གསོལ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་ཕྲེང་བཞི་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཤིང་བཟའ་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། ཁྲི་ཆེན་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ། ལ་མོ་ཞབས་དྲུང་དཀར་པོའི་སྤྲུལ་སྐུ་དགེ་འདུན་བསྟན་འཛིན་ནོར་བུ། རྒྱ་ལུ་ཧུ་ཐོག་ཐུའི་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་དར་བཅས་ཡིན། གསང་རྩོམ་ནི་རྣམ་ཐར་དང་། ཁྲིད་ཡིག་བསླབ་བྱ། ཆབ་ཤོག་སྒྲུབ་ཐབས་བཅས་ཆོས་ཚན་སོ་གཅིག་གིས་པོ་ཏི་གཅིག་ཏུ་བསྡུས་པ་ཐུར་ཤུལ་དགོན་དུ་ཤིང་པར་བཞུགས།

{{#arraymap:ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་

|; |@@@ | | }}