22187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་གི་འབྲུ་འགྲེལ་མུན་སེལ་སྒྲོན་མེ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་གི་འབྲུ་འགྲེལ་མུན་སེལ་སྒྲོན་མེ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་མེ་ཕོ་སྟག་གི་ལོ་རྟ་ཡི་ཟླ་བའི་ཚེས་ཉེར་གཉིས་ལ་གནུབས་གཡུ་མཚོའི་མགུལ་བདེ་ཆེན་གླིང་གི་དབེན་གནས་སུ་བརྩམས། འདིའི་ནང་དོན་ལ། བླ་མ་སྒྲུབ་པའི་ལུང་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་བླ་མ་སྐུ་གསུམ་གྱི་སྒྲུབ་པ་ལས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་དོན་ཉམས་སུ་ལེན་པའི་རིམ་པ་བསྟན། གཞུང་འདིའི་མཛད་བྱང་དུ། ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་རིན་པོ་ཆེ་ཞེས་བྱ་བའི་དོན་འགྲེལ་འདི་ཕྱོགས་ཀྱི་བུ་ཆེན་རྣམས་ཀྱིས་ཡང་ཡང་བསྐུལ་པ་དང་། ཨོ་རྒྱན་ཆེན་པོའི་རྗེས་གནང་བ་ཅུང་ཟད་ཐོབ་པ་ལ་བརྟེན་ནས་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་ལོ་ཙཱ་བ་ཆེན་པོ་ལང་འགྲོའི་བག་ཆགས་སད་པས་ཟབ་མོའི་གཏེར་ལ་མང་དུ་སྤྱོད་ཅིང་བསྐྱེད་རྫོགས་གཉིས་ཀྱི་དོན་ལ་ངེས་ཤེས་རྙེད་པ་གཏེར་སྟོན་རཏྣ་གླིང་པས་མཛད་པའོ། །ཞེས་གསལ།

{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་གི་འབྲུ་འགྲེལ་མུན་སེལ་སྒྲོན་མེ་

|; |@@@ | | }}