22206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྲས་ནམ་མཁའ་དཔལ་འབྱོར་ (1)
Part of speech མིང་ཚིག
Definition སྟོད་གུ་གེར་ (འདིའི་བླ་མ་ནམ་མཁའ་རྡོ་རྗེ་ནི་རབ་བྱུང་བརྒྱད་པའི་མེ་རྟ་ ༡༤༦༨ ལོར་ཡིན་འདུག་པས་དེའི་ཡས་མས་སུ) རིགས་བཙུན་པོ་ཞིག་ཏུ་སྐུ་བལྟམས། གཞོན་ནུ་ནས་ཐོ་ལིང་གི་གྲྭ་སར་རབ་ཏུ་བྱུང་ཞིང། ཐུགས་རབ་ཆེ་བས་མདོ་སྔགས་ཀྱི་བསླབ་སྦྱང་ཕུལ་དུ་ཕྱིན་པ་མཛད། ཐོས་བསམ་རྒྱ་ཆེན་པོ་མཛད་པས་འགྲོ་དོན་ཆེ། འདྲེན་མཆོག་ནམ་མཁའ་རྡོ་རྗེའི་སྙན་པ་གསན་པས། མཚན་ཐོས་པ་ཙམ་གྱི་དད་པའི་སྤུ་ལོང་གཡོས་ཏེ། རྗེ་དེ་ཉིད་གུང་ཐང་རི་ཁྲོད་བསམ་གཏན་གླིང་དུ་སྐུ་མཚམས་ཀྱི་བཅད་རྒྱ་ལ་བཞུགས་པའི་བུག་སྒོ་ནས་མཇལ་ཞིང་། མཇལ་མ་ཐག་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ནས་རིམ་བཞིན་ཕག་བདེ་སོགས་སྨིན་བྱེད་ཀྱི་དབང་། ཕྱག་ཆོས་སོགས་གྲོལ་བྱེད་ཀྱི་ཁྲིད། ཐར་གྲུ་སྐོར་གསུམ་སོགས་རྒྱབ་ནོན་ལུང་གི་སྐོར་ཐམས་ཅད་གསན། གནས་དེ་ཉིད་དུ་ལོ་མང་པོར་ཉམས་བཞེས་ལ་འབད་རྩོལ་དྲག་པོ་མཛད་པས་འོད་གསལ། སྒྱུ་ལུས། རྨི་ལམ། འཕོ་བ། བར་དོ་སོགས་ལ་ཡང་དྲོད་རྟགས་རྣམས་ཀྱང་ཉམས་འོག་ཏུ་ཚུད། འོག་སྒོ་གསང་ཁྲིད་ཀྱི་སྐོར་ལའང་དབབ་བཟུང་ཟློག་དགྲམ་ཡེ་ཤེས་ཆེན་པོར་བསྐྱལ་བ་ལ་སོགས་པའི་སྒོ་ནས་ཡས་མས་ཀྱི་དགའ་བཞིའི་ཡེ་ཤེས་ངོས་ཟིན་པ་བྱུང། མདོར་ན་བླ་མ་དེ་ཉིད་ཀྱིས་གསན་པའི་དབང་ཆོས་ཕལ་ཆེ་བ་ཐོབ། བླ་མ་གཤེགས་རྗེས་སུ་བླ་མའི་རྣམ་ཐར་དང་མགུར་འབུམ་བཅས་པར་དུ་བཞེངས། འཁྲུངས་ཡུལ་སྟོད་གུ་གེའི་ཕྱོགས་སུ་ཡང་དགོན་ཆོས་ཀྱི་ཕོ་བྲང་ཞེས་སྒྲུབ་སྡེ་ཆེན་པོ་བཏབ། སྤྱིར་དྭགས་པོ་བཀའ་བརྒྱུད། ཁྱད་པར་སྐྱེས་མཆོག་འབའ་ར་བའི་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་མཛད་དོ། །གཞོན་ནུ་ནས་རབ་ཏུ་བྱུང་ཞིང་ཕྱི་ཤཱཀྱའི་དགེ་སློང་ཆེན་པོ་དང་། ནང་གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏུ་བཞུགས། སྐུ་ཚེ་རིལ་པོ་སྒྲུབ་པ་དང་། འཆད་ཉན་གྱི་དུས་འདའ་ཞིང་། སྐུ་ཚེ་ཡང་མཐར་ཕྱིན་ནས་གདན་ས་ཆེན་པོ་ཡང་དགོན་ཆོས་ཀྱི་ཕོ་བྲང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སློབ་མའི་གཙོ་བོ་ནི་བྱ་བཏང་ནམ་མཁའ་རྒྱལ་པོ་ཡིན་ལ། གཞན་གདན་ས་ཡང་དགོན་དང་། གངས་ཏི་སེ་རྫུ་འཕྲུལ་ཕུག་གི་བླ་མ་མཛད་པའི་འགྲོ་མགོན་དཀོན་མཆོག་དཔལ་བཟང་སོགས་སློབ་མ་བཟང་ལ་མང་བ་བྱུང་ངོ་། །

{{#arraymap:ཐུགས་སྲས་ནམ་མཁའ་དཔལ་འབྱོར་

|; |@@@ | | }}