22314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ (1)
Part of speech མིང་ཚིག
Definition མ་ངེས་པའི་རྟགས་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། ༸རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་ཡང་མ་མཐོང་བ། ཡང་ན། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་ཡང་མ་མཐོང་བ།
Example སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་བཀོད་པ་དང༌། གསོན་ལུས་བདག་བཅས་སུ་སྒྲུབ་པ་ལ་སྲོག་བཀོད་པ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།

{{#arraymap:ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་

|; |@@@ | | }}

ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ (2)
Part of speech མིང་ཚིག
Definition ཕྱོགས་མིན་གཞན་ལ་མ་གྲུབ་པ། །ཐུན་མོང་མ་ཡིན་དབྱེ་ན་བཞི། །ཞེས་བྱ་བ། མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཕྱོགས་གཉིས་ཀ་ལ་མ་མཐོང་ནས་བཟློག་པ་མི་ཆོད་པའོ། །དབྱེ་ན་བཞི། རྟགས་གཉིས་ཀ་ལ་མེད་ནས་མ་མཐོང་བ། དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཡོོད་ཀྱང་མ་མཐོང་བ་སྐྱེས་བུ་འདི་ལྷ་ལས་ཚེ་འཕོས་ཏེ་མིག་དང་ལྡན་པའི་ཕྱིར་རོ་ལྟ་བུའོ། །མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རིག་བྱེད་ཀྱི་སྒྲ་བཞིན་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་གང་བྱས་པ་མི་རྟག་སྟེ་རིག་བྱེད་བཞིན་ནམ་མཁའ་ནི་མ་བྱས་སོ་ཞེས་བཀོད་པ་ལྟ་བུའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །

{{#arraymap:ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་

|; |@@@ | | }}