22408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར་མདོ་སྨད་དུ་འཁྲུངས། ཆུང་དུས་ནས་ཐུའུ་བཀྭན་བློ་བཟང་རབ་བརྟན་གྱི་ཡང་སྲིད་དུ་ངོས་བཟུང་། དགོན་ལུང་བྱམས་པ་གླིང་དུ་གདན་དྲངས། ལྕང་སྐྱ་ངག་དབང་ཆོས་ལྡན་ལས་དགེ་ཚུལ་བསྒྲུབས། མཚན་ལ་ངག་དབང་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ། ལྕང་སྐྱ་ངག་དབང་ཆོས་ལྡན་ལས་མཚན་ཉིད་ཐེག་པའི་གཞུང་དང་། དབང་ལུང་རྗེས་གནང་བཅས་པའི་ཆོས་སྐོར་མང་དུ་ཞུས། དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། འཇམ་དབྱངས་བཞད་པའི་རྡོ་རྗེ། རྒྱལ་སྲས་འཇིགས་མེད་གྲགས་པ། མཁན་པོ་བློ་བཟང་སྦྱིན་པ་སོགས་ལས་ཕྱི་ནང་རིག་གནས་ཀུན་ལ་སྦྱངས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། རང་ཡུལ་དུ་ཕེབས། ཉེར་ལྔ་བར་དགོན་ལུང་གི་མཁན་ཁྲིར་བཞུགས། ཁྲི་ཐོག་ཉེར་བཞི་པ་ཡིན། བཞི་བཅུ་ཙམ་ལ་གོང་མ་བདེ་སྐྱིད་རྒྱལ་པོས་པེ་ཅིན་དུ་གདན་དྲངས། ཞེ་གཅིག་པར་སྐུ་ཕྲེང་བདུན་པ་ཁྲིར་འགོད་ཆེད་དུ་དབུས་སུ་མངགས་བྱོན། ང་ལྔ་བར་རྒྱ་ནག་ནས་ཕྱིར་ཕེབས། དགོན་ལུང་རྒྱབ་ཏུ་རི་ཁྲོད་ཅིག་གསར་དུ་བཏབ། རབ་བྱུང་བཅུ་པའི་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་སྐུ་གཤེགས། གསུང་རྩོམ་ནི་མཛོད་ལུགས་འཇིག་རྟེན་ཁམས་ཀྱི་རྣམ་གཞག བསྟན་འགྱུར་ཀྱི་དཀར་ཆག སྙན་ངག་མེ་ལོང་གི་དོན་རྒྱན་སོ་ལྔའི་དཔེར་བརྗོད་བཅས་ཆོས་ཚན་ཉེར་དྲུག་ཡོད་པའི་པོ་ཏི་གཅིག་བཞུགས།

{{#arraymap:ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་

|; |@@@ | | }}