22410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུའུ་བཀྭན་བློ་བཟང་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་པྲ་ཏི་ཞྭ་དམར་རིགས་སུ་འཁྲུངས། འཇམ་བཞད་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་དགེ་བསྙེན་དང་རབ་ཏུ་བྱུང་། བཅུ་གསུམ་པར་སྐུ་འབུམ་དགོན་དུ་ཕེབས། སྐྱབས་རྗེ་ཆེ་ཤེས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཡོངས་འཛིན་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཀའ་ཆོས་མང་དུ་གསན། བཅོ་ལྔ་བར་རྒྱ་ནག་ཏུ་བྱོན། གོང་མས་མཇལ་ཕྲད་ཞུས། བཅོ་བརྒྱད་པར་རང་ཡུལ་དུ་ཕེབས། སྐུ་འབུམ་དགོན་དུ་ཆིབས་བསྒྱུར་མཛད། དགོན་ལུང་དུ་བྱོན། བཀའ་པོད་ལྔ་ལ་ཐོས་བསམ་མཛད། སུམ་པ་མཁན་ཆེན་དང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། ཡོངས་འཛིན་བསྟན་པ་རྒྱ་མཚོ་སོགས་བསྟེན། སྔ་ཕྱིར་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། རྒྱ་ནག་ཏུ་ཏེངས་འགར་ཕེབས། རང་དགོན་དུ་སྐུ་གསུང་ཐུགས་རྟེན་བཞེངས་། ང་ལྔ་བ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ཕྱི་ལོ་ ༡༨༩༤ ལོར་སྐུ་གཤེགས། ཐུའུ་བཀྭན་སྐུ་ཕྲེང་ལྔ་པ་ཡིན།

{{#arraymap:ཐུའུ་བཀྭན་བློ་བཟང་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ་

|; |@@@ | | }}