22464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་བོ་བློ་བཟང་བསྟན་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་མདོ་སྨད་དུ་སྐུ་འཁྲུངས། བདུན་པར་རྗེ་མཁས་གྲུབ་བསྟན་འཛིན་ལས་རབ་ཏུ་བྱུང་། རྗེ་བློ་བཟང་རྒྱལ་མཚན་ལས་རིག་པའི་གནས་དུ་མར་སྦྱངས། བཅོ་བརྒྱད་པར་དགོན་གསར་རབ་རྒྱས་གླིང་གི་རྒྱུད་གྲྭ་འགྲིམས། ཆོ་ག་ཕྱག་ལེན་གྱིས་མཚོན་རྒྱུད་དོན་གྱི་གདམས་པ་ལ་བྱང་ཆུབ་པར་མཛད། ཡབ་རྗེ་དྷྭ་ཛ་ལས་སྤྱི་ཆོས་དང་ཟུར་ཆོས་གང་གནང་གསན། ཀུན་མཁྱེན་འཇིགས་མེད་དབང་པོ་དང་། སྡེ་ཁྲི་བློ་བཟང་དོན་གྲུབ། གུང་ཐང་འཇམ་པའི་དབྱངས། གླིང་དཀོན་མཆོག་དགྱེས་པའི་བློ་གྲོས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན། ཁྲི་ཆེན་དཀོན་མཆོག་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་གསན། རྗེ་རི་ཁྲོད་དབང་པོ་ལས་བསྙེན་པར་རྫོགས། གུང་ཐང་རིན་པོ་ཆེའི་རྣམ་ཐར་ཆོས་དུང་དཀར་པོའི་སྒྲ་དབྱངས་དང་། གསེར་ཁང་བྱམས་པའི་དཀར་ཆག་བྱང་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས་གཡོ་དགེ་ལམ་རིམ་ཟིན་བྲིས། དགེ་ལྡན་བསྟན་འབར་མ་རྣམས་ཀྱི་དཔར་ཤིང་བསྐྲུན། མདོ་སྔགས་རིག་གནས་ཀྱི་བཤད་རྒྱུན་སྤེལ། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་སྐུ་གཤེགས། ཐེ་བོ་རབ་འབྱམས་པ་དཔལ་ལྡན་སེང་གེའི་སྐུ་ཕྲེང་གསུམ་པ་ཡིན།

{{#arraymap:ཐེ་བོ་བློ་བཟང་བསྟན་འཛིན་

|; |@@@ | | }}