22523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་ཐར་པ་ཆ་མཐུན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། མཚན་ཉིད་ནི། མཚན་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པའི་ཐཪ་པ་ཆ་མཐུན་ནོ། །ཡུལ་གྱི་སྒོ་ནས་དབྱེ་ན། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དད་སོགས་དབང་པོ་མ་ཡིན་པ་རྣམ་པར་བྱང་བ་ཙམ་ལ་དབང་བྱེད་པའི་དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་དང་ལྔ། དང་པོ་ནི་སངས་རྒྱས་སོགས་ཀྱི་ཡུལ་ལ་མཁས་པའི་སེམས་བྱུང། གཉིས་པ་ནི་སྦྱིན་སོགས་ཀྱི་ཡུལ་ལ་མཁས་པའི་སེམས་བྱུང། གསུམ་པ་ནི་བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་ལ་མཁས་པའི་སེམས་བྱུང་། བཞི་པ་ནི་རྣམ་པར་མི་རྟོག་པ་ལ་མཁས་པའི་སེམས་བྱུང་། ལྔ་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་མཁས་པའི་སེམས་བྱུང་ངོ་། །དབང་པོའི་སྒོ་ནས་དབྱེ་ན། དད་སོགས་དབང་རྣོན་དང་དབང་རྟུལ་གཉིས། དང་པོ་ནི་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་ཐོབ་སླ་བའི་དད་སོགས་སོ། །གཉིས་པ་ནི་དེ་དཀའ་བའི་དད་སོགས་སོ། །ཞེས་དང་། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། རྟེན་གྱི་གང་ཟག་ནི་འདོད་ལྷ་དང་། ཟ་མ་དང་མ་ནིང་དང་། མཚམས་མེད་བྱས་པ་མ་ཡིན་པའི་གླིང་གསུམ་གྱི་མིའི་རྟེན་ཅན་ཡིན་ལ། ངོ་བོ་ནི་གཞི་ངེས་འབྱུང་གི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དག་པའི་ཡན་ལག་དབང་པོའི་སྒོ་སྡོམ་པ་དང་། ཟས་ཀྱི་ཚོད་ཤེས་པ་ལ་སོགས་པའོ། །རྒྱུད་ཡོངས་སུ་སྦྱོང་བའི་ཐབས་ནི། ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་གསུང་རབ་ལ་ཐོས་བསམ་གྱིས་བརྩོན་པ་སྟེ། བསྟན་པ་ལ་དང་པོར་འཇུག་པའི་རྒྱུ་ནི་ཐོས་བསམ་ཡིན་པའི་ཕྱིར། བསྒོམས་པ་ལས་བྱུང་བ་དག་ཀྱང་ཡིན་ཏེ། སེམས་གནས་པའི་ཐབས་དགུས་རྫུ་འཕྲུལ་རྐང་པའི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ། །བྱེད་ལས་ནི་མངོན་པར་རྟོགས་པ་མྱུར་ཏུ་སྐྱེ་བའི་སྣོད་ཉིད་དུ་རུང་བར་བྱེད་པའོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས། སངས་རྒྱས་སོགས་དམིགས་ཞེས་སོགས་ཀྱི་དངོས་བསྟན་གྱི་ཚོགས་ལམ་དང། ཐེག་ཆེན་ཚོགས་ལམ་ཁྱད་པར་ཅན་དོན་གཅིག དེ་ཡིན་ན། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མི་མཁས་པའི་ཐེག་ཆེན་གྱི་ཚོགས་ལམ་དང། ཐེག་ཆེན་གྱི་ཚོགས་ལམ་ཕལ་པ་དོན་གཅིག། དེ་ཡིན་ན་འཛིན་པ་ཆོས་ཀྱི་བདག་མེད་མ་རྟོགས་པས་ཁྱབ། དབྱེ་ན། གང་ཟག་གི་བདག་མེད་ཙམ་རྟོགས་པ་དང། བཟུང་བ་ཆོས་ཀྱི་བདག་མེད་ཙམ་རྟོགས་པ་དང། བདག་མེད་མ་རྟོགས་པའི་ཚོགས་ལམ་དང་གསུམ་ཡོད། ཚོགས་ལམ་ལ་མཉམ་རྗེས་ཀྱི་རྣམ་གཞག་མེད་དེ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་མ་སྐྱེས་པའི་ཕྱིར་ན། རྗེས་ཐོབ་ཀྱང་འབྱུང་བ་མི་འཐད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་ཐར་པ་ཆ་མཐུན་

|; |@@@ | | }}

ཐེག་ཆེན་གྱི་ཐར་པ་ཆ་མཐུན་ (2)
Part of speech མིང་ཚིག
Definition ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སེམས་དཔའི་ཆོས་མངོན་རྟོགས་སུ་དམིགས་པ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ཡོད། རྒྱུད་གཅིག་གི་དབང་དུ་བྱས་ན་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ལ་དང་པོར་སྐྱེས་པའི་མཁྱེན་པ་རྣམས་ཆུང་ངུ༌། བར་དུ་སྐྱེས་པའི་དེ་རྣམས་འབྲིང། ཐ་མར་སྐྱེས་པའི་དེ་རྣམས་ཆེན་པོར་འཇོག་གོ ། རྒྱུད་སོ་སོའི་དབང་དུ་བྱས་ན་ཐེག་ཆེན་ཚོགས་ལམ་པ་དབང་རྟུལ་གྱི་རྒྱུད་ལ་སྐྱེས་པའི་མཁྱེན་པ་རྣམས་ཆུང་ངུ༌། དེ་འབྲིང་གི་རྒྱུད་ལ་སྐྱེས་པའི་དེ་རྣམས་འབྲིང༌། དེ་རྣོན་པོའི་རྒྱུད་ལ་སྐྱེས་པའི་དེ་རྣམས་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོའི་ཡེ་ཤེས་སུ་འཇོག་གོ རྟགས་ཀྱི་ཁྱད་པར་ནི། ཐར་པ་ཆ་མཐུན་ཙམ་ཐོབ་པའི་རྟགས་སུ་འཁོར་བའི་ཉེས་དམིགས་དང༌། ཐར་པའི་ཕན་ཡོན་སོགས་བརྗོད་པའི་གཏམ་ཐོས་པ་ཙམ་གྱིས་མིག་གནས་མཆི་མ་འཛག་པ་དང་ལུས་ཀྱི་བ་སྤུ་ལྡང་བ་སོགས་འབྱུང་ལ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཐོབ་པའི་རྟགས་སུ་གཞན་དོན་རྒྱ་ཆེན་པོ་སྒྲུབ་པ་ལ་མི་ཞུམ་ཞིང་གཞན་དོན་གྱི་དཀའ་སྤྱད་བཟོད་པ་སོགས་འབྱུང་བ་ཉི་ཁྲི་སྣང་བ་ནས་བཤད་པ་ལྟར་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་ནི། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཐོབ་ན་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་ཐོབ་ཕྱིན་ཆད་ཐེག་ཆེན་གྱི་སྦྱོར་ལམ་མྱུར་དུ་སྐྱེ་བར་བྱེད་པའི་ཡོན་ཏན། ཉན་ཐོས་དགྲ་བཅོམ་པ་རྣམས་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་སྟོབས་ཀྱི་ཟིལ་གྱིས་གནོན་ནུས་པའི་ཡོན་ཏན། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱ་པའི་འོས་སུ་གྱུར་པའི་ཡོན་ཏན་དང་ལྡན་པའི་ཕྱིར། སྒྲ་བཤད་ནི། ཅིའི་ཕྱིར་ཐར་པ་ཆ་མཐུན་ཞེས་བྱ་ཞེ་ན། སྦྱིར་ཐར་པ་ཆ་མཐུན། ཚོགས་ལམ། ཆོས་མངོན་རྟོགས་རྣམས་དོན་གཅིག་ཐར་པ་ནི་འཁོར་བ་མ་ལུས་པར་སྤངས་པའི་བྲལ་བ་ཞིག་ལ་འཇོག་ཅིང༌། དེའི་ཆ་ནི་ཐེག་ཆེན་གྱི་སྦྱོར་ལམ་ལ་བྱེད་པ་ཡིན་ཅིང་དེ་དང་རྗེས་སུ་མཐུན་པས་ན་ཐར་པ་ཆ་མཐུན་ཞེས་བརྗོད་པ་ཡིན་ནོ། །

{{#arraymap:ཐེག་ཆེན་གྱི་ཐར་པ་ཆ་མཐུན་

|; |@@@ | | }}