2256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་རྟ་ཕྱི་ལོ་ ༡༣༤༢ ལོར་སྐུ་འཁྲུངས། དགུང་ལོ་སོ་བརྒྱད་པ་རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ་ ༡༣༧༩ ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། རབ་བྱུང་བདུན་པའི་ལྕགས་རྟ་ལོ་ཕྱི་ལོ་ ༡༣༩༠ ལོའི་བར་དུ་ལོ་ངོ་བཅུ་གཉིས་རིང་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྱངས། ཞེ་དགུ་པར་དབོན་པོ་བསོད་ནམས་གྲགས་པ་ལ་གདན་ས་གཏད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ། རེ་བརྒྱད་པ་རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་ ༡༤༠༩ ལོར་སྐུ་གཤེགས། རྒྱལ་ལྷ་ཁང་གི་གདན་རབས་ཉེར་བཞི་པ་ཡིན།

{{#arraymap:ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་

|; |@@@ | | }}