2257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་ཆོས་གྲགས་དཔལ་ (1)
Part of speech མིང་ཚིག
Definition ནམ་སྙིང་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ་ནི། འཁྲུངས་ཡུལ་རྭ་ལུང་དུ་ཕྱི་ལོ་ ༡༢༨༣ ཆུ་མོ་ལུག་ལ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། དགུང་ལོ་ལྔ་ལ་རིག་གནས་སྣ་ཚོགས་ལ་མཁས་པར་བྱས། བདུན་ལ་ཆོས་སྒོར་ཞུགས་ཏེ་འདུལ་མངོན་ཚད་མ་སྒྲ་རིག་སོགས་ལ་མཁས་པའི་གནས་ཐོབ། ཉེར་གཅིག་ལ་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་ཅིང་མཁས་མང་ལ་ཆོས་གསན། ཉེར་གསུམ་སྐོར་ནས་ཇོ་ནང་དུ་ཡོན་ཏན་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་མཛད། ཉེར་ལྔ་ལ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་གདམས་ངག་མཐའ་དག་གནང༌། སྟོན་པ་ཡེ་དཔལ་གྱིས་ཆུ་བཟང་གི་དགོན་པ་ཕུལ། དེར་འཆད་ཉན་བཙུགས། ཆོས་རྗེའི་སྐུ་ཚབ་ལ་རྒྱ་ནག་ཏུ་ཕེབས། གསུང་རྩོམ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག རྒྱུད་སྡེའི་དབྱེ་བ། རྩིས་སོགས་མང་པོ་མཛད། ལོ་ཙཱ་མཁྱེན་པས་འཇམ་དཔལ་ལྟ་འདོད་སོགས་བསྒྱུར། ཕྱི་ལོ་ ༡༣༦༣ ཆུ་ཡོས་ལོར་དགུང་ལོ་གྱ་གཅིག་ཏུ་སྡིག་ཅན་བྱང་བ་སིདྡྷིས་བཀྲོངས་ནས་ངོ་མཚར་བའི་ལྟས་བཅས་སྐུ་མྱ་ངལ་ལས་འདས་སོ། །

{{#arraymap:ཀུན་སྤངས་ཆོས་གྲགས་དཔལ་

|; |@@@ | | }}