2258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ནི། རབ་བྱུང་བཞི་བའི་ཆུ་ཡོས་ཕྱི་ལོ་ ༡༢༤༣ ལ་མདོག་གི་ད་བ་ཕྱར་དུ་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་མིག་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་མཛད། ཀུན་མཁྱེན་ཆོས་སྐུ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་རྭ་ལུགས་སྔར་ནས་མཁྱེན་ཅིང་། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང་། སྦྱོར་དྲུག་ཉམས་ཁྲིད་དུ་གསན་པས། ཉམས་རྟོགས་ཀློང་བརྡོལ། སྦྱོར་དྲུག་གི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ཉམས་སུ་བླངས། གྲུབ་པའི་རྟགས་ཡ་མཚན་པ་མང་དུ་བྱུང་། ཡི་དམ་གྱིས་ཞལ་གཟིགས་པ་བཞིན་སྦྱོར་དྲུག་གི་ཁྲིད་ཡིག་མཛད་པ། སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། སློབ་མ་མང་དུ་བསྐྱངས། གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་བཏབ། དེའི་ཡང་སློབ་དོལ་པོ་བས་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བས་ཇོ་ནང་བ་ཞེས་སྐད་གྲགས་ཆེན་པོ་བྱུང་བས་བླ་མ་གོང་མ་དག་ཀྱང་ཆེས་བཀུར་འོས་སུ་གྱུར། མཐར་བྱང་སེམས་རྒྱལ་བ་ཡེ་ཤེས་གདན་སར་བསྐོས་ཏེ། རབ་བྱུང་ལྔ་བའི་ཆུ་གླང་དགུང་ལོ་བདུན་ཅུ་ཕྱི་ལོ་ ༡༣༡༣ ལ་སྐུ་མྱ་ངན་ལས་འདས།

{{#arraymap:ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་

|; |@@@ | | }}