22581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་ས་སྐྱའི་ལྷ་ཁང་ཆེན་མོའི་ཤར་དུ་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་མ་གཅིག་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བདུན་པའི་ཤིང་སྦྲུལ་ཕྱི་ལོ་ ༡༤༢༥ ལོར་སྐུ་གཤེགས། དྲུག་པར་ཡི་གེའི་འབྲི་ཀློག་སྦྱངས། བཅུ་དྲུག་པར་རབ་ཏུ་བྱུང་། སློབ་དཔོན་ཆོས་ཀྱི་སེང་གེ་ལས་ཚད་མ་སྡེ་བདུན་གསན། ཉེར་གཅིག་པར་དགེ་སློང་གི་སྡོམ་པ་མནོས། བདག་ཉིད་ཆེན་པོ་ལས་སེམས་བསྐྱེད་དང་། རྡོ་རྗེ་ཕུར་པ། གཤེད་དམར། དུས་འཁོར་སོགས་ཀྱི་སྒྲུབ་ཐབས་དང་དབང་ལུང་མན་ངག་རྗེས་གནང་དང་བཅས་པར་གསན། ཀུན་དགའ་རིན་ཆེན་དང་། ཆོས་རྗེ་མ་ཏི་པཎ་ཆེན་སོགས་ལས་ཀྱེ་རྡོར། གསང་འདུས། བདེ་མཆོག གསུང་ངག་རིན་པོ་ཆེ་དང་འབྲེལ་གདམས་པ་ཟབ་མོ་རྣམས་ཐུགས་སུ་ཆུད་པར་མཛད། དྲུག་ཅུ་བར་གོང་མ་ཏཱ་མིང་རྒྱལ་པོས་ཕོ་བྲང་ཆེན་པོར་གདན་འདྲེན་ཞུས། ལོ་གཉིས་རིང་བཞུགས། ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར། བོད་དུ་ཕེབས། དཔལ་ལྡན་ས་སྐྱའི་གདན་སར་བཞུགས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དར་རྒྱས་མཛད། སློབ་མ་གྲགས་ཆེ་བ་ནི་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། བློ་གྲོས་རྒྱལ་མཚན། འབྲི་གུང་རིན་པོ་ཆེ། ཐེལ་སྤྱན་སྔ་བ། སྟག་ལུང་ཆོས་རྗེ། ཆོས་རྗེ་རཏྣ་ཀ་ར། ཚལ་པ་རིན་པོ་ཆེ་བཅས་ཡིན། གསུང་རྩོམ་ནི་དཔལ་དགྱེས་པ་རྡོ་རྗེའི་རྩ་རྒྱུད་ཀྱི་ཊཱི་ཀ་དག་ལྡན་སྙེ་མ་སོགས་རྣམ་བཤད་ཀྱི་སྐོར་དང་། དུས་འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས་སོགས་ཀྱི་སྒྲུབ་ཐབས། སྨར་ཁྲིད་ཀྱི་ཁྲིད་ཡིག་སོགས་ཀྱི་སྐོར། བླ་མ་བརྒྱུད་པའི་གསོལ་འདེབས། དཀའ་བའི་གནས་ཀྱི་དྲིས་ལན་སྤྲིངས་ཡིག གདམས་པའི་སྐོར་བཅས་ཤིན་ཏུ་མང་པོ་བཞུགས།

{{#arraymap:ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་

|; |@@@ | | }}