22595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་བློ་སྦྱོང་དོན་བདུན་མའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཐེག་ཆེན་བློ་སྦྱོང་དོན་བདུན་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གཉིས་པ་ཡིན། བརྗོད་བྱ་ནི། ཇོ་ནང་ཁྲིད་བརྒྱའི་བརྒྱུད་པའི་གསོལ་འདེབས་ལས། སྔོན་འགྲོ་རྟེན་ཆོས་དངོས་གཞི་བྱང་སེམས་གཉིས། རབ་འབྱོངས་ལམ་བསྒྱུར་ཉམས་ལེན་ཆིག་སྒྲིལ་གྱིས། བློ་སྦྱོང་ཚད་ཕེབས་བསླབ་བྱ་དམ་ཚིག་རྣམས། སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། ཞེས་གསུངས་པ་ལྟར་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་བསྡུས་ཏེ་བསྟན་པའོ། །བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་དབང་བྱམས་ཆེན་ཐོགས་མེད་དབྱིག་གི་གཉེན། འཕགས་གྲོལ་བཙུན་གྲོལ་གུ་ཎ་མི་ཏྲ་དང་། སེང་བཟང་གང་སྤེལ་ཀུ་སུ་ལུ་ཆེ་ཆུང་། གསེར་གླིང་ཆོས་གྲགས་དཔལ་ལྡན་ཨ་ཏི་ཤ། འབྲོམ་སྟོན་པོ་ཏོ་ཤ་ར་ཡོན་ཏན་གྲགས། འཆད་ཀ་ཡེ་རྡོར་སེ་སྐྱིལ་ཆོས་རྒྱལ་མཚན། འོད་ཟེར་བླ་མ་ལྷ་སྡིངས་བྱང་ཆུབ་འབུམ། ཀུན་དགའ་རྒྱལ་མཚན་ཡོན་དཔལ་བདེ་བ་དཔལ། གྲགས་གཞོན་བསོད་གྲགས་རྒྱལ་སྲས་ཐོགས་མེད་ཞབས། དཔལ་ལྡན་ཡེ་ཤེས་བཀའ་བཞི་སེང་རྒྱལ་མཚན། དཔལ་ལྡན་བཟང་པོ་གནས་བརྟན་བསམ་འཕེན་པ། རྭ་སྟོན་ཡོན་དཔལ་ཀུན་དགའ་མཆོག་གྲུབ་མཚན། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རཏྣ་བཛྲི་ཎཱི། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། ཆོས་དབྱིངས་རང་འགྲོ་ཀུན་བཟང་ཆོས་འབྱོར་དང་། བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། བློ་གསལ་བསྟན་སྐྱོང་མཁྱེན་བརྩེའི་དབང་པོ་སོགས། ཞེས་དང་། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྒྱལ་སྲས་རིན་པོ་ཆེའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་བློ་སྦྱོང་དོན་བདུན་མའི་ཁྲིད་

|; |@@@ | | }}