2260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་པའི་ཐོག་མཐའ་བར་དགེའི་ཁྲིད་ཡིག་ (1)
Part of speech མིང་ཚིག
Definition སྔགས་ཀྱི་དབུ་མའི་ལྟ་ཁྲིད་སྐོར། གཞུང་འདི་མཛད་པ་པོ་ནི་ཇོ་ནང་ཀུན་སྤངས་པ་མི་བསྐྱོད་རྡོ་རྗེ་ཡིན་ལ། དེ་ཡང་རྒྱལ་བ་བཅོམ་ལྡན་འདས་ནས་སྙན་བརྒྱུད་དུ་ཡོད་པའི་མན་ངག་དག་སྔོན་ཆད་ཡིག་ཐོག་ཏུ་མ་བྲིས་པ་རྣམས་ཐོག་མར་བཀོད་པའི་གྲས་ཤིག་ཡིན་པར་གྲགས་ཏེ། གཞུང་དེའི་མཇུག་ཏུ། འཁྲིད་ཡིག་འདི་ནི། སངས་རྒྱས་རྡོ་རྗེ་འཆང་ནས་རིགས་ལྡན་དང་། དཔལ་དུས་འཁོར་ཞབས་པ་ཡབ་སྲས་གསུམ་དང་། པཎ་ཆེན་ཟླ་བ་མགོན་པོ་ལ་སྙན་དུ་བརྒྱུད་པའི་སྔོན་ཆད་ཡི་གེ་མེད་པའི་བཀའ་རྒྱ་ཅན་ལ་གཞི་བྱས། ཐོག་མར་དགེ་བའི་ཁྲིད་དཔལ་ཤྭ་བ་རི་དབང་ཕྱུག་ནས་པཎ་ཆེན་བྷི་བྷུ་ཏ་ཙནྡྲ་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། བར་དུ་དགེ་བའི་ཁྲིད་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་ཆོས་ཀྱི་རྗེ་ས་སྐྱ་པཎ་ཆེན་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། ཐ་མར་དགེ་བའི་ཁྲིད་རྒྱུད་འགྲེལ་མན་ངག་ནས་ཇི་ལྟར་གསུངས་པ་བཞིན་དུ་བྲིས་པ་ཡིན་ནོ། །གཞན་ཁྲིད་ཚུལ་རྣམས་བརྒྱུད་པ་སོ་སོའི་མན་ངག་ལས་ཤེས་པར་བྱའོ། །ཞེས་བྱུང་། ཞུ་བ་བོ་ནི་ཆོས་ཀྱི་རྗེ་འཇམ་དབྱངས་བཞི་ཐོག་པ་དང་ཁོང་གི་སློབ་མ་ཀུན་དགའ་གཞོན་ལ་སོགས་སོ། །མཛད་པའི་དུས་ནམ་ཡིན་གསལ་ཁ་མེད་མོད། གཞུང་དེའི་མཇུག་ཏུ། ཆོས་རྗེ་འཇམ་དབྱངས་ཆེན་པོའི་དྲུང་དུ་གཟིགས་སུ་ཕུལ་ཞིང་། དྲུང་ནས་ཞུ་དག་མཛད་དེ་གཏན་ལ་ཕབ་པའོ། །ཞེས་གསལ་བས་འཇམ་དབྱངས་བཞི་ཐོག་པ་སྐུ་གྲོངས་དུས་ཀུན་སྤངས་པ་དགུང་ལོ་དྲུག་ཅུའི་ནང་ལ་ཕེབས་ཡོད་པ་ཁག་གཉིས་ཀྱི་རྣམ་ཐར་དུ་གསལ་བ་ལགས་ན་ཧ་ལམ་སྐུ་ཚེའི་དཀྱིལ་ཙམ་ལ་གཞུང་འདི་བརྩམས་སམ་སྙམ།

{{#arraymap:ཀུན་སྤངས་པའི་ཐོག་མཐའ་བར་དགེའི་ཁྲིད་ཡིག་

|; |@@@ | | }}