2265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་ཤྲཱི་ཡ་པའམ་དགེ་ལེགས་འབྲུག་རྒྱལ་ (1)
Part of speech མིང་ཚིག
Definition རྗེ་འདི་ཉིད་དཔལ་ཀཿཐོག་པ་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་དངོས་སློབ། གསང་མཚན་དམ་ཚིག་རྡོ་རྗེ་ཞེས་བྱ། ཐོག་མར་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཕྱག་མཛོད་ལྡེ་ཆུང་བ་དགེ་ལེགས་འབྲུག་རྒྱལ་ཞེས་གྲགས་ཤིང༌། ཕྱིས་རྗེ་དེས་ལོ་རི་གཉིས་པ་མཁས་གྲུབ་ཆེན་པོ་སྲིད་ཞི་ཡོངས་གྲོལ་ལ་གནང་བར། ཁོང་གིས་རྗེ་ལོ་རི་མྱ་ངན་ལས་མ་འདས་བར་ཞམ་རིང་དང་བཀའ་ཆོས་རྒྱ་ཆེར་ཞུས་ཏེ། མྱ་ངན་འདས་རྗེས་སུ་བཀའ་ཆེམས་བཞིན་མགོན་གནང་རི་ཁྲོད་ཀྱི་གཟིམ་ཆུང་དུ་རྟེན་གསུམ་འགའ་ཙམ་ལས་གཞན་ཕྱག་དཔེ་སྐུ་ཆས་ཚང་མ་བྱར་གསང་གླིང་དུ་ཕུལ་ནས་རི་ཁྲོད་དུ་བཞུགས་པས། ཀུན་སྤངས་ཤྲཱི་ཡ་དགེ་ལེགས་པར་གྲགས། བརྟན་མཁས་གཉིས་ལྡན་གྱི་འདུལ་འཛིན་ཆེན་པོར་བཞུགས་པས། ལ་དྭགས་རྒྱལ་སྲས་རིན་པོ་ཆེས་རྒྱལ་དབང་བདུན་པའི་མདུན་ནས་སྨིན་གྲོལ་གསན་སྐབས། རྗེ་འདི་ཉིད་ལས་ཚིགས་གསུམ་རིམ་གྱིས་མནོས་པར་བཤད། དེ་ནས་རྗེ་འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོས་ཡོངས་འཛིན་དུ་ཁམས་སུ་གདན་དྲངས་ཤིང༌། དབུའི་མཆོད་གནས་དང་བཅས་ལོ་མང་པོའི་བར་འབྲལ་མེད་དུ་བསྟེན་ནས། རིག་འཛིན་ཡོངས་ཀྱི་དབང་ཕྱུག་ཀཿཐོག་པ་ཆེན་པོའི་དགོངས་གཏེར་བསམ་པ་ལྷུན་གྲུབ་ལེའུ་བཅུ་གསུམ་གྱི་དབང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད། བསམ་པ་ལྷུན་གྲུབ་ཀྱི་ཁྲིད་སོགས་ཀཿཐོག་པ་ཆེན་པོའི་བཀའ་སྲོལ་སོགས་ཕྱག་རྫོགས་ཀྱི་ཁྲིད་གདམས་ངག་མང་དུ་གསན་ཅིང༌། སྤངས་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་བླ་མ་དགེ་ལེགས་འབྲུག་རྒྱལ་ཞེས་ཆེས་ཆེར་བསྔགས་པ་མཛད་དོ། །འདིའི་རྣམ་ཐར་ཤིན་ཏུ་དཀོན་ཡང༌། མདོར་བསྡུས་པ་འདི་ནི་བྲག་དཀར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མགོན་གནང་རི་ཁྲོད་ཀྱི་ལོ་རྒྱུས་དང༌། རིག་འཛིན་རྡོ་རྗེ་དྲག་པོའི་རྣམ་ཐར་རྒྱས་པ་སོགས་ལས་བཏུས་པ་ཞིག་ཡིན་འདུག །

{{#arraymap:ཀུན་སྤངས་ཤྲཱི་ཡ་པའམ་དགེ་ལེགས་འབྲུག་རྒྱལ་

|; |@@@ | | }}