22702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་དེ་ཉིད་སྣང་བ་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། གཞུང་མཚན་རྒྱས་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་དེ་ཉིད་སྣང་བ། ཞེས་བྱུང་། གཞུང་ཚད་ལ་པོད་ཕྱེད་ཙམ་བཞུགས། མཛད་པ་པོ་ནི་ཇོ་ནང་གྷ་རུང་བ་ལྷ་ཡི་རྒྱལ་མཚན། བརྗོད་བྱ་དབུ་མ་གཞན་སྟོང་བདེ་གཤེགས་སྙིང་བོ། དེ་ཡང་དོན་རྣམ་གྲངས་བཅུ་ཡིས་གཏན་ལ་ཕབ། དཔེ་དགུས་བཞུགས་ཚུལ་བསྟན། ངེས་དཔེ་དགུ་ཡིས་ཡོན་ཏན་བསྟན། རྡོ་རྗེའི་གནས་བདུན་གྱིས་ལུས་བསྟན། གཞུང་དོན་བརྒྱད་ཀྱིས་བཀྲལ་སྟེ། གཞུང་དོན་བརྒྱད་ནི། གཞུང་དེར། ཆོས་དབྱིངས་དེ་ཀུན་ལ་ཁྱབ་ཚུལ། ཁྱབ་བྱེད་དེའི་དོན་སྡོམ་གྱིས་མདོར་བསྟན། སྡོམ་གྱི་དོན་རྣམས་རྒྱས་པར་བཤད་པ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར། མཚམས་སྦྱར་ལྟར་དཔེ་ཡིས་བཤད་པ། བཤད་པའི་དོན་དད་པས་རྟོགས་ཚུལ། རྟོགས་བྱའི་སྟོང་ཉིད་ངོས་བཟུང་བ། དེ་ལྟར་སེམས་ཅན་ལ་སངས་རྒྱས་སྙིང་བོར་བཞུགས་ཚུལ་བསྟན་པའི་དགོས་པའོ། །ཞེས་བྱུང་། དོན་བཅུ་ནི་བདེ་གཤེགས་སྙིང་བོའི་ངོ་བོའི་དོན་དང་། རྒྱུའི་དོན། འབྲས་བུའི་དོན། ལས་ཀྱི་དོན། ལྡན་པའི་དོན། འཇུག་པའི་རབ་དབྱེའི་དོན། གནས་སྐབས་ཀྱི་དོན། ཀུན་འགྲོའི་དོན། མི་འགྱུར་བའི་དོན། ཡོན་ཏན་དབྱེར་མེད་ཀྱི་དོན་དང་བཅུའོ། །དཔེ་དགུ་ནི་པད་ངན་ལ་སངས་རྒྱས། སྦྲང་མ་ལ་སྦྲང་རྩི། སྦུན་པ་ལ་སྙིང་བོ། མི་གཙང་བ་ལ་གསེར་སྦྲམ། ས་འོག་ན་གཏེར། འབྲས་ཤུན་ལ་མྱུ་གུ། གོས་ཧྲུལ་ལ་རྒྱལ་སྐུ། བུད་མེད་ལ་མི་བདག ས་འདམ་ལ་གསེར་གཟུགས་ཡོད་ཚུལ་བཅས་དཔེ་དགུའོ། །ངེས་དཔེ་དགུ་ནི་གཟུགས་བརྙན། རྔ། སྤྲིན། ཚངས་པ། ཉི་མ། ནོར་བུ། ནམ་མཁའ། ས་གཞི་བཅས་ཡོན་ཏན་གྱི་ངེས་དཔེ་དགུའོ། །རྡོ་རྗེའི་གནས་བདུན་ནི་དོན་དམ་པའི་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་དང་། རང་བཞིན་རྣམ་དག་གི་ཁམས་དང་། དག་པ་གཉིས་ལྡན་གྱི་སྐུ་དང་། ཡོན་ཏན་དང་། འཕྲིན་ལས་ཀྱི་དོན་བཅས་བདུན་ནོ། །ཇི་ལྟར་བཀྲལ་བའི་ཁུངས་ཀྱང་གཞུང་དེའི་དབུར། འདིར་ཐེག་པ་ཆེན་པོ་རྒྱུད་བླ་མ་འཕགས་པ་ཐོགས་མེད་ཀྱི་འགྲེལ་བ་ལྟར་འཆད་པ་ལ། ཞེས་བྱུང་། བརྩམ་པར་སྐུལ་བ་པོ་དང་ཇི་ལྟར་སྐུལ་བའི་ཚུལ་ཡང་གཞུང་དེའི་མཇུག་ཏུ། མཚན་ཉིད་ཕྱོགས་ཀྱི་ལུང་རིགས་ལ་རྣམ་པར་བྱང་ཞིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྡོ་རྗེ་ཐེག་པ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་བཤེས་གཉེན་ཆེན་པོ་སློབ་དཔོན་ཨ་མོ་གྷས། རྒྱུད་བླའི་ཊཱི་ཀ་འཕགས་པ་ཐོགས་མེད་ཀྱི་འགྲེལ་བ་གཞིར་བཞག་ཅིང་ས་བཅད་ཆོས་རྗེ་ས་བཟང་པའི་ལུགས་བཞིན་དུ་ཕྱེ་བ། རྒྱུད་བླའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ལུང་རིགས་ཀྱི་ཟུར་ཐོན་པར་བྱ་དགོས་རྣམས་བཏོན་པ་གཅིག་གྱིས་ཤིག་ཅེས་པའི་གསུང་ཡིག་གིས་བསྐུལ་བ་ལ་བརྟེན་ནས། ཞེས་བྱུང་། བརྩམས་གྲུབ་པའི་དུས་ནི་ཕྱི་ལོ་༡༣༩༡དང་དགུང་ལོ་དོན་གསུམ་པ་རབ་བྱུང་བདུན་པའི་ལྕགས་རྟ་ལོ་སྟེ། གཞུང་དེར། ལྕགས་ཕོ་རྟའི་ཁྲུམས་སྟོད་ཀྱི་ཉེར་ལྔ་ལ་གྲུབ་པར་དབེན་གནས་ནམ་མཁའ་མཛོད་དུ་སྦྱར། ཞེས་བྱུང་། བརྒྱུད་བླའི་ཁུངས་ཀྱང་། འདི་ནི་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ནས། །ཐོགས་མེད་དབྱིག་གཉེན་བློ་བསྟན་གང་པ་སྤེལ། །རིན་ཆེན་རྡོ་རྗེ་སད་ཛ་ན་དང་ནི། །པ་ར་ཧི་ཏ་བློ་གྲོས་གྲགས་པ་དང་། །༼མར་པ༽ཇོ་ཕན་༼མཆིམས༽དོན་གྲུབ་༼མཆིམས༽བརྩོན་སེང་༼མཆིམས༽ནམ་མཁའ་གྲགས། །བཅོམ་ལྡན་རལ་གྲི་སྐྱི་སྟོན་ཤག་འབུམ་དང་། །སྐྱི་སྟོན་འཇམ་དབྱངས་ཀུན་མཁྱེན་ཆོས་རྗེ་དང་། །ཕྱོགས་ལས་རྣམ་རྒྱལ་བརྒྱུད་ནས་ལྷ་ལའོ། །ཞེས་བྱུང་།

{{#arraymap:ཐེག་པ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་དེ་ཉིད་སྣང་བ་

|; |@@@ | | }}