2273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྦྱོར་ (1)
Part of speech མིང་ཚིག
Definition ཡུལ་དང་སྐྱེ་བ་དག་ལ་ཀུན་ཏུ་སྦྱོར་བར་བྱེད་པའམ། འདི་དག་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་ཏུ་སྦྱོར་བས་ན་ཀུན་སྦྱོར་ཞེས་ཟེར་རོ། །ཀུན་སྦྱོར་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་སྦྱོར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །མཛོད་འགྲེལ་མངོན་པའི་རྒྱན་ལས། ཡུལ་དང་སྐྱེ་བ་དག་ལ་ཀུན་དུ་སྦྱོར་བར་བྱེད་པའམ། འདི་དག་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་དུ་སྦྱོར་བས་ན་ཀུན་སྦྱོར་རོ། །དེ་ལ་རྗེས་སུ་ཆགས་པ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་གྱི་ཀུན་སྦྱོར་བཞི་ནི་ཁམས་གསུམ་གའི་དང་། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་གསུམ་ནི་འདོད་ཁམས་ཁོ་ནའི་དང་། ལྟ་བའི་ཀུན་སྦྱོར་ནི་ཁམས་གསུམ་པའི་ལྟ་བ་དང་པོ་གསུམ་དང་། མཆོག་ཏུ་འཛིན་པའི་ཀུན་སྦྱོར་ནི་ལྟ་བ་ཕྱི་མ་གཉིས་ཡིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་སྦྱོར་

|; |@@@ | | }}

ཀུན་སྦྱོར་ (2)
Part of speech མིང་ཚིག
Definition ཀུན་སྦྱོར། འཆིང་བ། ཕྲ་རྒྱས། ཉོན་མོངས་ཅན། ཀུན་དཀྲིས་ཞེས་པ་ལྔ་མིང་གི་རྣམས་གྲངས་སུ་གསུངས་པའི་ཕྱིར། འོ་ན་མཆོག་འཛིན་གཉིས་ཀྱི་ཀུན་སྦྱོར་ལྟ་བའི་ཀུན་སྦྱོར་ལས་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། རྩ་ཉོན་དྲུག་གི་ཀུན་སྦྱོར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་སྦྱོར་། ཕྲག་དོག་དང་སེར་སྣའི་ཀུན་སྦྱོར་སོགས་དུ་མ་ཡོད་པ་ལས། ལྟ་བ་དང་པོ་གསུམ་ལ་ཁམས་ཀྱི་སྒོ་ནས་རྫས་བཅོ་བརྒྱད་ཡོད་པ་བཞིན་དུ་དེ་གཉིས་ལ་ཡང་རྫས་བཅོ་བརྒྱད་རེ་ཡོད་པ་འདྲ་བ་དང་། དང་པོ་གསུམ་གཟུང་བར་འདྲ་ཞིང་འདི་གཉིས་མཆོག་ཏུ་འདྲ་བས་དེ་ལྟར་བཞག་པའི་ཕྱིར། ཀུན་དཀྲིས་རྣམས་ལས་ཕྲག་དོག་དང་སེར་སྣའི་ཀུན་སྦྱོར་ལོགས་སུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་མཐའ་གཅིག་ཏུ་མི་དགེ་བ་རང་དབང་ཅན་དུ་གཅིག་པས་ན་དེ་ལྟར་བསྟན་པའི་ཕྱིར།

{{#arraymap:ཀུན་སྦྱོར་

|; |@@@ | | }}

ཀུན་སྦྱོར་ (3)
Part of speech མིང་ཚིག
Definition འཁྲིག་པ་སྟེ། ཕོ་མོ་ཀུན་འཁྲིག་སྦྱོར་བྱེད་པས་སོ། །
Type མངོན་བརྗོད།

{{#arraymap:ཀུན་སྦྱོར་

|; |@@@ | | }}