22888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་གྲུ་གུ་བརྒྱད་པ་མི་ཕམ་ཆོས་རྒྱལ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཆོས་རྒྱལ་སྐུ་ཕྲེང་བརྒྱད་པའམ་གྲུ་གུའི་ཁྲི་འཛིན་བདུན་པ། མི་ཕམ་ཆོས་རྒྱལ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་མཆོག་ནི། ཆབ་མདོ་ལྕགས་ར་སྤྲུལ་སྐུའི་ནུ་བོར། ནང་ཆེན་དབའ་ཁྲི་ས་ཆུང་ཚང་སར། ཡབ་རྣམ་རྒྱལ་དང་། ཡུམ་ཚེ་གཡང་གཉིས་ཀྱི་སྲས་སུ་ ༡༩༤༦ ཟླ་བ་ ༡༢ པའི་ནང་དུ་སྐུ་འཁྲུངས། རྗེ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་། མཐུ་ཆེན་ཆོས་མགོན་བརྒྱད་པ། ཁམས་སྤྲུལ་དོན་བརྒྱུད་ཉི་མ་རྣམས་དགོངས་མཐུན་གྱིས་གོང་མའི་སྐྱེ་སྲིད་དུ་ལུང་བསྟན། ལོ་ལྔ་མ་ཟིན་ཙམ་སྐོར། གྲུ་གུ་དགོན་དུ་ཁྲི་འདོན་བྱས། དེའི་གོང་དུ། ཕ་མ་ཆོས་དད་ཆེ་བས་བླ་མ་མང་པོ་མཇལ་རྒྱུ་དང་། ཆོས་ཀྱི་འབྲེལ་བ་མི་ཉུང་བ་ཐོབ། གྲུ་གུ་དགོན་དུ་ཡོང་བའི་ལམ་ཞོར། མཆོག་སྤྲུལ་རིན་པོ་ཆེ་བསོད་ནམས་བསྟན་འཛིན་ལས། སྐྱབས་སྡོམ་དང་ཚངས་སྤྱོད་སྡོམ་པ། སྒྲོན་དཀར་དང་དཀོན་མཆོག་སྤྱི་འདུས་དབང་བཅས་ཞུས། དགུང་ལོ་དགུ་ལ། ཁམས་སྤྲུལ་བརྒྱད་པའི་མདུན་ནས། དབང་ཆོས་མང་པོ་བསྩལ་བ་དང་། རང་ལོ་སོ་བཞི་མ་ལོན་བར། མགོན་པོ་གང་གི་ཐུགས་རྗེས་བོད་ཀྱི་དུས་འཁྲུག་གི་མནར་གཅོད་ལས་ཐར་བའི་སྐྱབས་བསྲུང་། རྗེས་སོར་འཕགས་ཡུལ་དུ་ཕ་དང་བུ་ལྟ་བུར་བརྩེ་གཟིགས་ཆེན་པོ་འགྲན་ཟླ་བྲལ་བ་གནང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ། ས་སྐྱ་མཁན་རིན་ཆེན། ནུབ་དགོན་མཁན་ལེགས་བཤད། ཀཿཐོག་མཁན་དགེ་འདུན་དར་རྒྱས། རྨེ་བ་མཁན་ཐུབ་ཆོས། རྙིང་མ་མཁན་པོ་བརྩོན་འགྲུས། འཛི་སྒར་མཁན་ཆོས་དར། ནང་ཆེན་ཡང་དབེན་མཁན་ཆེན། རྟོགས་ལྡན་ཆོས་ལེགས། རྟོགས་ལྡན་འཇམ་དབྱངས། རྟོགས་ལྡན་ཨ་ཕྲིན་བཅས་ལས་དབང་ལུང་ཁྲིད་གདམས་པ་དཔེ་ཁྲིད་སོགས་ཀྱི་བཀའ་དྲིན་རྒྱ་ཆེར་ཐོབ། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ། སྤོ་བོ་ཕུ་ལུང་སངས་རྒྱས་རིན་པོ་ཆེ། འཁྲུལ་ཞིག་བརྒྱད་པ་རིན་པོ་ཆེ། ས་སྐྱའི་བཅོ་བརྒྱད་ཁྲི་ཆེན། སེང་བྲག་རིན་པོ་ཆེ། འབྲུག་རྗེ་མཁན་པོ་ཀུན་ལེགས། རྒྱལ་བ་མདོ་ཁམས་དགུ་པ་བཤད་སྒྲུབ་ཉི་མ་སོགས་དང་། ཁྱད་པར་དུ་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་བརྒྱད་པ་རིན་པོ་ཆེས་ནང་གཟིགས་བླ་མེད་དང་། ཟབ་མོའི་ཁྲིད་དང་མན་ངག་མང་པོའི་གནད་བཀྲོལ་བའི་བཀའ་དྲིན་བསམ་ལས་འདས་པ་གནང་བ་ལ་བརྟེན། ལམ་གོལ་ནོར་དང་འཁྲུལ་པའི་གཡང་ལས་སྐྱབས་པའི་བཀའ་དྲིན་བསྐྱངས། ༡༩༨༤ བོད་ལ་གཞིས་སྐོར་ཕྱིན་སྐབས། དགོན་རི་ཁྲོད་རྟེན་བརྟེན་པར་བཅས་པ་རྣམས་ཕལ་ཆེར་རྩ་མེད་དུ་གཏོར་འདུག་པ་བསྐྱར་གསོ་གནང་། བལ་ཡུལ་དུ་ས་དཔྱད་ལེགས་ཤིང་རྟེན་འབྲེལ་བཟང་བས། རྒྱལ་བ་མདོ་ཁམས་པ་ཆེན་པོའི་ཕྲིན་ལས་ཀྱི་ཆ་ཤས་ཐོ་གྲུ་གུ་དགོན་གྱི་ཡན་ལག་ཏུ་ཏཱ་ར་སྦས་རི་ཁྲོད་བཏབ། ཡོལ་མོར་གྲུ་གུ་སེང་གེ་འགྱིང་པའི་རི་ཁྲོད་བཏབ། དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་མཚན་དང་དོན་མཐུན་པ། ཕྱི་ལ་ལྡིར་སྒྲ་མི་ཆེ་ཡང་། ནང་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཞིང་ཆོས་བརྒྱད་ཀྱི་འཁྲབ་སྟེགས་མ་ཡིན་པ། བསྟན་འགྲོ་གཉིས་ཕན་ནོམ་པ་ཅན་ཞིག་ཡོང་རྒྱུའི་རེ་སྨོན་ཡོད།

{{#arraymap:ཐོ་གྲུ་གུ་བརྒྱད་པ་མི་ཕམ་ཆོས་རྒྱལ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་

|; |@@@ | | }}