23120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་ཕག་ཕྱི་ལོ་ ༡༤༤༣ ལོར་གཙང་སྨད་ཐོན་པའི་ཞལ་ངོར་འཁྲུངས། འབྲས་སྤུངས་སུ་ཕེབས། སློབ་དཔོན་དཔལ་བློ་དང་། ཡེ་ཤེས་བཟང་པོ་སོགས་བསྟེན། གཞུང་ཆེན་བཀའ་ཕོད་ལྔར་དཔྱིས་ཕྱིན་པར་སྦྱངས། པོ་ཏི་བཅུ་ལྷག་གི་གྲྭ་སྐོར་མཛད། བ་སོ་ཆོས་ཀྱི་རྒྱལ་མཚན་ལས་རྒྱུད་སྡེའི་སྐོར་གྱི་དབང་ལུང་མན་ངག་མང་དུ་ཞུས། རྒྱུད་པ་སྦྱིན་པ་དཔལ་བ་དང་། གྲགས་པ་བཟང་པོ་གཉིས་ལས་བསྙེན་པར་རྫོགས། ཤར་རྩེ་ཤེར་འབྱུང་བློ་གྲོས་ལས་འགྲེལ་བ་བཞི་སྦྲགས་སོགས་གསན། ལྷ་རིར་སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་དགུ་བའི་ཤིང་བྱི་ཕྱི་ལོ་ ༡༥༠༤ ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས། འཆད་ཉན་ལོ་བཅུ་གསུམ་རིང་མཛད། ཁྲི་ཟུར་རྗེས་ལྷ་རིར་སྒྲུབ་པ་ཉམས་ལེན་མཛད། ཐན་སྙེའི་ཆོས་སྡེ་རྒྱལ་བྱེད་ཚལ་ཕྱག་བཏབ། དོན་དགུ་བ་རབ་བྱུང་དགུ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༥༢༡ ལོར་སྐུ་གཤེགས། འབྲས་སྤུངས་མཁན་རབས་དགུ་བ་ཡིན།
Synonyms མཁས་བཙུན་ཡོན་ཏན་རྒྱ་མཚོ།

{{#arraymap:ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་

|; |@@@ | | }}